ཁྲེན་མིང་གོ་ཡིས་ཏང་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་འདྲི་གཅོད་ལག་བསྟར་ལས་དོན་ལ་མཐོར་འདེགས་ལ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཏང་འཛུགས་སྐྱོང་ལས་དོན་ནན་འཛིན་བྱེད་པའི་སྙན་ཞུའི་ཚོགས་འདུ་ཟི་ལིང་དུ་འཚོགས་པ་དང་། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཡོན་ཀྲང་ཁྲེན་མིང་གོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།  

ཁྲེན་མིང་གོ་ཡིས་བསྟན་དོན། 2019ལོར་ཞིང་ཆེན་ཡོངས་ཀྱི་འབྲིང་རིམ་ཁྲིམས་ཁང་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཤིང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ལས་ཀའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ཏེ། འགན་འཁྲི་གསར་པ་དང་བྱས་རྗེས་གསར་པས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཏང་འཛུགས་སྐྱོང་ལས་དོན་ལ་འཕེལ་རྒྱས་གསར་པ་མངོན་འགྱུར་བྱུང་ཡོད། 

ཁྲེན་མིང་གོ་ཡིས་ནན་གྱིས་བསྟན་དོན། 2020ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། དབུལ་ཐར་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་རྒྱག་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་འགག་རྩའི་ལོ་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཏང་འཛུགས་སྐྱོང་གི་ལས་དོན་དེ་ཆབ་སྲིད་འཛུགས་སྐྱོང་གི་ཨང་དང་པོར་བཞག་ཅིང་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་མཐོང་ཆེན་བྱས་ཏེ“བློ་དཀར་བཞིའི”ཆབ་སྲིད་ཀྱི་རང་བཞིན་མཐའ་འཁྱོངས་བྱེད་དགོས། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་དུས་རབས་གསར་པའི་ཁྲིམས་ཁང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལེགས་པར་ཏན་ཏིག་གིས་སྒྲུབ་ཏེ། ཏང་འཛུགས་སྐྱོང་ནན་འཛིན་དང་། རུ་ཁག་ལསྣེ་ཁྲིད་དང་འཛུགས་སྐྱོང་། འདྲི་གཅོད་ལ་སྐུལ་སྤེལ་བཅས་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རུལ་སུངས་ཉེས་གསོག་སྣ་ཚོགས་དང་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་དང་ཁྲིམས་ཁང་ནན་སྐྱོང་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཏང་འཛུགས་སྐྱོང་ལས་དོན་དང་འདྲི་གཅོད་ལས་དོན་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་སྐུལ་འདེད་གཏོང་བ་སྐུལ་སྤེལ་བྱས་ནས། ནུས་ཤུགས་ཡོད་རྒུས“སྔོན་འགྲོ་གཅིག་སྤུས་ལེགས་གཉིས”འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་སྲ་ཞིང་བརྟན་པའི་ཁྲིམས་འཛིན་གྱི་འགན་ལེན་བྱེད་དགོས།

ཚོགས་འདུས་བརྙན་ལམ་བརྒྱུད་ནས་ཞིང་ཆེན་ཡོངས་ཀྱི་རིམ་གསུམ་ཁྲིམས་ཁང་ལ་སྦྲེལ་མཐུད་བྱས་པ་དང་། འབྲིང་རིམ་ཁྲིམས་ཁང་སོ་སོའི2019ལོའི་ཏང་འཛུགས་སྐྱོང་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུར་གསན་པ་རེད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།