ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་བཅུ་དགུ་པའི་མཚོ་སྐོར་འགྲན་བསྡུར་གྱི་གྲ་སྒྲིག་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བ་དང་བསྟུན། སྐབས་འདིའི་མཚོ་སྐོར་འགྲན་བསྡུར་གྱི“མཚོ་སྐོར་གཏམ་རྒྱུད”རྩོམ་བསྡུའི་འགྲན་བསྡུར་སླར་ཡང་འགོ་ཚུགས་སོང་། ཟླ3པའི་ཚེས30ཉིན་ནས་བཟུང་རྩོམ་ཡིག་བསྐུར་ཡུལ་དངོས་སུ་ཚུགས་ཤིང་། འགྲན་བསྡུར་རྩ་འཛུགས་ཨུ་ལྷན་གྱིས་གྲོགས་པོ་ཚང་མ“ཁྱེད་དང་མཚོ་སྐོར་འགྲན་བསྡུར”གྱི་གཏམ་རྒྱུད་མཉམ་སྤྱོད་བྱ་རྒྱུར་གདན་དྲངས་པ་ཡིན།
གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོ་ནི་མཚོ་སྐོར་འགྲན་བསྡུར་དེ་འཛམ་གླིང་གི་ལས་རིགས་རིམ་པའི་འགྲན་བསྡུར་དུ་རིམ་སྤོར་བྱས་པའི་ལོ་དང་པོ་ཡིན། སྐབས་འདིའི་མཚོ་སྐོར་འགྲན་བསྡུར་གྱིས“ལྗང་མདོག མི་ཆོས། འཆམ་མཐུན”བརྗོད་དོན་གཙོ་བོར་བྱས་ཤིང་། “འཛམ་གླིང་། སྐུ་ཁམས་བཟང་།”ཞེས་པ་འབོད་ཚིག་ཏུ་བྱས་ནས་རྩོམ་བསྡུ་བྱེད་སྒོ་ཆེ་གྲས་ཤིག་སྤེལ་རྒྱུ་རེད། རྩོམ་བསྡུའི་བླང་བྱ་ནི་མཚོ་སྐོར་འགྲན་བསྡུར་དེ་ཨེ་ཤེ་ཡ་ནས་འཛམ་གླིང་དུ་སྐྱོད་པའི་ཉམས་འགྱུར་གསར་པ་དང་གཟུགས་བརྙན་གསར་པ་མངོན་དགོས་ལ། དེ་བཞིན་མཚོ་སྐོར་འགྲན་བསྡུར་གཉེར་ནས་ལོ18སོང་རིང་རང་རྒྱལ་གྱི་དཔལ་འབྱོར་དང་རིག་གནས། སྤྱི་ཚོགས་བཅས་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་མཚོན་པར་བྱེད་དགོས།
རྩོམ་ལུས་ལ་ཚད་བཀག་མེད་ཅིང་། ལྷུག་རྩོམ་དང་འབོལ་རྩོམ། བརྩམས་སྒྲུང་། སྙན་ངག་སོགས་བརྩེ་བ་ཟབ་ཅིང་ནང་དོན་བདེ་ཐང་ཡིན་ལ། འཚོ་བ་དང་ཉེ་བཅར་བྱས་པ་ཡིན་དགོས། རྩོམ་བསྡུའི་དུས་ཡུན་ནི་ཟླ3པའི་ཚེས30ཉིན་ནས་ཟླ4པའི་ཚེས30ཉིན་བར་(རྩོམ་བསྡུའི་ཡིག་སྒམ། qhtysslina.co)ཡིན། རྩོམ་བསྡུའི་དུས་བཀག་དུས་ཚོད་ནི་ཟླ4པའི་ཚེས30ཉིན་གྱི་ཕྱི་དྲོའི་ཆུ་ཚོད14བར་ཡིན། ཟླ5པའི་ཚེས1ཉིན་ནས་ཟླ6པའི་ཚེས་1ཉིན་བར། མཚོ་སྐོར་འགྲན་བསྡུར་རྩ་འཛུགས་ཨུ་ལྷན་གྱིས་མཚོ་སྐོར་འགྲན་བསྡུར་གྱི་གཞུང་ཕྱོགས་སྤྱི་སྟེགས་སུ་ཆེད་མཁས་པས་གདམས་པའི་རྩོམ་བསྡུའི་བརྗོད་དོན་གཙོ་བོར་འཚམ་པའི་རྩོམ་ཡིག་སྤེལ་རྒྱུ་ཡིན་ལ། ཟླ6པའི་ཚེས8ཉིན་ནས་ཟླ6པའི་ཚེས14ཉིན་བར། སྤྱི་དམངས་ཀྱི་དྲ་རྒྱའི་འདེམས་ཤོག་འཕེན་པའི་བྱེད་སྒོ་སྤེལ་རྒྱུ་ཡིན། ཟླ6པའི་ཚེས15ཉིན་ཆེས་མཐའི་འབྲས་བུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན། མཇུག་མཐའི་འདེམ་ཤོག་འཕངས་པའི་ཨང10སྔོན་གྱི་རྒྱལ་ཁ་ཐོབ་མཁན་ལ་མཚོ་སྐོར་འགྲན་བསྡུར་གྱི་ལེགས་སྐྱེས་ཆེན་པོས་སྒུག་ཡོད།
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
“མཚོ་སྐོར་གཏམ་རྒྱུད”རྩོམ་བསྡུའི་འགྲན་བསྡུར་འགོ་ཚུགས་སོང་།