ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལྕགས་རྟ་ཞོན་པར་མོས་མཁན་མང་པོ་མཚོ་སྔོན་པོའི་འགྲམ་དུ་འཛོམས་ནས་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་ནས། “ཐེན་ཡུའོ་ཏི”རྟགས་མའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་བསྡུར་སྐབས་བཅུ་དགུ་བ་འགོ་རྩོམ་པར་ཆེས་མཇུག་མཐའི་ཉིན100བསུས་ཡོད། འདིས་ད་ལོའི་མཚོ་བསྐོར་འགྲན་བསྡུར་གྱི་དུས་རྒྱུན་གྱི་གྲ་སྒྲིག་ལས་དོན་དངོས་སུ་སྤེལ་འགོ་བརྩམས་པ་མཚོན་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་རིམས་འགོག་ལས་དོན་རྗེས་ཀྱི་ཆེས་ཐོག་མའི་ལུས་རྩལ་བྱ་འགུལ་ཡིན་པས། མཚོ་སྔོན་གྱི་ལུས་རྩལ་ཡང་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་ཚུགས་རྣམ་པ་བཏོད་པ་མཚོན་ཡོད།
གསར་འགོད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་མཚོ་བསྐོར་འགྲན་བསྡུར་ནི་རྒྱལ་སྤྱིའི་ལྕགས་རྟ་མཐུན་ཚོགས་ཀྱི་ཆོག་མཆན་ལྟར་རྒྱལ་སྤྱིའི་ལས་རིགས་མ་ལག་གི་འགྲན་སྡུར་ལ་རིམ་སྤོར་བྱས་པ་དང་། ཡ་གླིང་འགྲན་བསྡུར་ནས་འཛམ་གླིང་གི་འགྲན་བསྡུར་ལ་གྱུར་ཡོད་པས། མདུན་ལྗོངས་སྔར་ལས་ཡངས། རྒྱལ་སྤྱིའི་ལྕགས་རྟ་མཐུན་ཚོགས་ཀྱིས་ལས་རིགས་མ་ལག་གི་འགྲན་བསྡུར་གྱི་ཆུ་ཚད་དང་རེ་བར་གཞིགས་ནས། རིམ་སྤོར་བྱས་རྗེས་ཀྱི་མཚོ་བསྐོར་འགྲན་བསྡུར་དེ“འགྲན་བསྡུར་གསར་བ”“རྣམ་པ་གསར་བ”“ཚོང་ལམ་གསར་བའི”ཁྱད་ཆོས་ཡོངས་སུ་མངོན་པ་དང་། རྒྱལ་སྤྱིའི་གོ་གནས་ཇེ་མཐོར་བཏང་ནས། འགྲན་བསྡུར་གྱི་སྒྲིག་གཞི་ཇེ་བཟང་དང་འགྲན་བསྡུར་གྱི་སྤུས་ཚད་ཇེ་བཟང་། མཉམ་ལས་འཕེལ་རྒྱས་ཇེ་ཟབ་ཏུ་ཕྱིན་ཏེ། མཚོ་བསྐོར་འགྲན་བསྡུར་རིམ་པ་ཇེ་མཐོར་བཏང་བ་ལས་གཞན། ལྟེ་བའི་འགྲན་རྩོད་ནུས་པ་དང་ཚོང་རྟགས་བྲིན་ཚད། ཐོན་ལས་ཀྱི་སྣེ་ཁྲིད་ནུས་ཤུགས། རིག་གནས་འགྲེམ་སྤེལ་ནུས་པ་བཅས་སོ་སོའི་ཕྱོགས་ཡོངས་ནས་རིམ་འགྱུར་འབྱུང་བར་སྐུལ་འདེད་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྐོར་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་རྒྱལ་སྤྱིའི་འགྲན་བསྡུརAརིམ་པ་ཡིན་པ་དང་། རང་རྒྱལ་གྱི་གལ་ཆེ་བའི་ཕྱི་ཕྱོགས་ལུས་རྩལ་བྱ་འགུལ་ཞིག་རེད། རྒྱལ་ཁབ་ཀྱི་ལུས་རྩལ་ཐོན་ལས་དཔེ་སྟོན་རྣམ་གྲངས་སྐོར་དང་པོའི་གྲས་ཡིན། 2002ལོ་ནས་ད་ལྟའི་བར་སྐབས18སྤེལ་ཟིན། འཛམ་གླིང་གི་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བ་དང་། དཀའ་ཚད་ཆེས་ཆེ་བའི་ལྕགས་རྟའི་འགྲན་བསྡུར་ཞིག་ཡིན་པའི་ཆ་ནས། མཚོ་བསྐོར་འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དང“དམངས་ཡོངས་རྩལ་སྦྱོང”། “བདེ་ཐང་གི་ཀྲུང་གོ”བཅས་ཀྱི་འཐབ་ཇུས་དང་ཟུང་འབྲེལ་གྱིས་ལྗང་མདོག་དང་མི་ཆོས། འཆམ་མཐུན་ཅན་གྱི་འགྲན་བསྡུར་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། མཚོ་བསྐོར་འགྲན་བསྡུར་དེ་མཛེས་སྡུག་ལྡན་པའི་མཚོ་སྔོན་རྒྱལ་སྤྱིའི་ཐོག་སྐྱོད་པའི་ལག་རྟགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཡོད།
ཤེས་གསལ་ལྟར་ན། མཚོ་བསྐོར་འགྲན་བསྡུར་སྐབས19པ་དེ་ཟླ7པའི་ཚེས7ཉིན་འགོ་རྩོམ་རྒྱུ་རེད། །
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
མཚོ་སྐོར་འགྲན་བསྡུར་སྐབས་བཅུ་དགུ་བ་འགོ་རྩོམ་པར་ཉིན་བརྒྱ་ལ་སླེབས།