མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཉིས་ས་ཡ་གཅིག་བཏང་ནས་ཞིང་ལས་རྨོ་འདེབས་ཐོན་སྐྱེད་ཐད་རྒྱབ་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་དུས་ལྟར་ལུད་རྫས་ཞིང་སྨན་གྲངས་ཀ་ཇེ་ཉུང་དུ་གཏོང་བ་དང་ཕན་འབྲས་ཇེ་མཐོར་གཏོང་བའི་འགུལ་སྐྱོད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཉིས་ས་ཡ་གཅིག་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་ཀྱི་རྨོ་འདེབས་ཞིང་ལས་ཐོན་སྐྱེད་ཐད་རྒྱབ་སྐྱོར་བྱས།

མ་དངུལ་དེས་གཙོ་བོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་དང་རྫོང་དང་གྲོང་ཁྱེར། ཆུའུ་བཅས་ཉེར་དགུ རྒྱལ་དབང་ཞིང་ཕྱུགས་ར་བདུན་བཅས་བསྡོམས་པས་ས་ཞིང་སྤྱི་ཆིང་ཉི་ཤུ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། སྐྱེ་ལྡན་ལུད་རྫས་ཀྱིས་ལུད་རྫས་ཀྱི་ཚབ་བྱེད་པ་དང་ལོ་ཏོག་གི་གནོད་འབུ་དང་ལྗང་མདོག་སྔོན་འགོག་ཚོད་འཛིན་ལུད་རྫས་ཇེ་ཉུང་དང་ཕན་འབྲས་ཇེ་མཐོར་གཏོང་བའི་འགུལ་སྐྱོད་སྤེལ་རྒྱུ་རེད།

ཤར་རྒྱུད་ཞིང་ལས་ཁུལ་དང་ཞིང་ཕྱུགས་བསྣོལ་མ་ས་ཆའི་ཞིང་སྣུམ་ལོ་ཏོག་ལ་སྐྱེ་ལྡན་ལུད་རྫས་གཏོར་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། སྔོ་ཚལ་དང་འཕང་འབྲས་ཀྱི་ཟུར་སྣོན་རིན་ཐང་མཐོ་བའི་ལོ་ཏོག་ལ་ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཞིང་ལས་ལོ་ཏོག་གཙོ་བོར་གནོད་འབུའི་ལྗང་མདོག་སྔོན་འགོག་ཚོད་འཛིན་ལག་རྩལ་སྤྱོད་པར་རྒྱབ་སྐྱོར་བྱེད་པ་བཅས་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།