མཚོ་སྔོན་ཞིང་ཆེན་གྱིས་ཕྱུག་བསྒྱུར་སྣེ་ཁྲིད་མཁན7000ཙམ་གསོ་སྐྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་སྤར་བའི་དབུལ་ཐར་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་ཆེད་དུ། མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཕོངས་སྡེ་བའི་ཕྱུག་བསྒྱུར་སྣེ་ཁྲིད་མཁན་གསོ་སྐྱོང་བྱེད་པ་དེ་གནད་ཁེལ་དབུལ་སྐྱོར་གྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཡོད། ཟླ3པའི་ཚེས11ཉིན། གསར་འགོད་པས་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར། རང་ཞིང་གིས་ཕྱུག་བསྒྱུར་སྣེ་ཁྲིད་མཁན་གྱི་སློབ་མ7000ཙམ་གསོ་སྐྱོང་བྱས་ཡོད་པ་དང་། དེའི་ཁྲོད་ཏང་ཡོན་གྱིས47%ཟིན་ཡོད།

ལོ་མང་པོའི་རིང་དུ། “ཁྱིམ་ཚང་ཕྱུག་པོས་ཁྱིམ་ཚང་དབུལ་པོར་སྣེ་ཁྲིད་པ་དང་། སྔོན་ལ་ཕྱུག་པོར་གྱུར་པ་དག་གིས་རྗེས་མར་རོགས་རམ་བྱེད་པ”ཡི་གཞི་རྩའི་འདུ་ཤེས་དང“སྲིད་གཞུང་གིས་གཙོ་ཁྲིད་དང་ཕྱོགས་མང་པོ་ཞུགས་པ། ཐོན་ལས་ཀྱིས་སྣེ་ཁྲིད་པ། གནད་ཁེལ་གསོ་སྐྱོང”བཅས་ཀྱི་བྱ་བའི་ཐབས་ལམ་ལྟར། རང་ཞིང་གིས་དབུལ་ཕོངས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་དང་ཧྲུའུ་ཅི་དང་པོ། འདེབས་གསོ་ལས་རིགས་གཉེར་མཁན་གྱི་དུད་ཁྱིམ་ཆེན་མོ། སློབ་ཆེན་པའི་སྡེ་དཔོན་སོགས་དབུལ་ཐར་ཕྱུག་བསྒྱུར་སྣེ་ཁྲིད་མཁན་གྱི་ནུས་པ་ཡོད་པའི་མི་རྣམས་ལ་ལས་སྐྲུན་འདུ་ཤེས་དང་ལས་སྐྲུན་ནུས་པ། དབུལ་སྐྱོར་སྐུལ་ཁྲིད་ནུས་པ་སོགས་ཀྱི་གསོ་སྦྱོང་སྤེལ།

གསོ་སྦྱོང་འདི་དག་གཙོ་བོ་ནི་གློག་རྡུལ་ཚོང་དོན་དང་དོ་དམ་རིག་པའི་རྨང་གཞི། དུས་ཚོད་དོ་དམ་སོགས་ཀྱི་ནང་དོན་སྐོར་ཡིན་ལ། ཞིང་སྡེའི་ལས་སྐྲུན་པ་ལ་བསམ་བློ་རྒྱ་སྐྱེད་པ་དང་མིག་རྒྱ་སྐྱེད་རོགས་བྱེད་པ་དང་། ལས་སྐྲུན་ནུས་པ་ཇེ་མཐོར་བཏང་སྟེ།ཉེ་འགྲམ་གྱི་དབུལ་ཕོངས་མང་ཚོགས་སྔར་ལས་མང་པོར་སྣེ་ཁྲིད་དེ་མཉམ་དུ་ཕྱུག་བསྒྱུར་གྱི་ལམ་དུ་སྐྱོད་རོགས་བྱེད་རྒྱུ་རེད།

ཞིང་ཆེན་དབུལ་སྐྱོར་ཅུས་ཀྱིས་ད་དུང་ཞིང་ཆེན་ཚན་རྩལ་ཐིང་དང་ཞིང་ཆེན་ཞིང་ཕྱུགས་ཐིང་སོགས་ཐིང་དང་ཅུས8དང་མཉམ་འབྲེལ་གྱིས་ལས་སྐྲུན་ཕྱུག་བསྒྱུར་སྣེ་ཁྲིད་མཁན་གྱི་འབྲེལ་ཡོད་སྲིད་ཇུས་བཏོན་ནས། སྡེ་བ་སོ་སོ་ནས་ཐོན་པའི་ཕྱུག་བསྒྱུར་སྣེ་ཁྲིད་པ་འོས་སྦྱོར་བྱས་ཏེ་ནན་ཏན་གྱིས་སློབ་སྦྱོང་ལྟ་སྦྱོང་བྱས་པ་བརྒྱུད། ཉམས་མྱོང་དང་བྱེད་ཐབས་ལེགས་པོ་ཕྱིར་ཁྱེར་ཡོང་སྟེ་སྤོབས་པ་ཆེན་པོས་རང་གིས་གོང་འཕེལ་གཏོང་བར་འོས་འཚམ་གྱི་ལས་སྐྲུན་རྣམ་པ་འཚོལ་ཞིབ་བྱེད་པ་དང་། དབུལ་ཕོངས་ཁྱིམ་ཚང་བསྡུ་ལེན་དང་སྐུལ་ཁྲིད་བྱེད་པ་དང་ཉེ་འགྲམ་གྱི་དབུལ་ཕོངས་མང་ཚོགས་ལ་སྣེ་ཁྲིད་དེ་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་དུ་བཅུག །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།