པདྨ་རྫོང་དམར་དམག་ལུང་པ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞིར་ཚུད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་སྐོར་ཐེངས་དྲུག་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་དམར་དམག་ལུང་པ་ཚུད་ཡོད། པདྨ་རྫོང་ནི་དམར་དམག་རྒྱང་སྐྱོད་བྱེད་སྐབས་བརྒྱུད་མྱོང་བའི་མཚོ་སྔོན་གྱི་ས་ཆ་གཅིག་པུ་ཡིན་ལ། 1936ལོའི་ཟླ7པར། ཀྲུའུ་ཏེ་དང་ལིའུ་པོ་ཁྲེང་། ཧོ་ལུང་། ལི་ཞན་ཉན་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཀྲུང་གོའི་བཟོ་ཞིང་དམར་དམག་ཁྲི3ལྷག་པདྨར་ཡོང་ནས་རྒྱ་བོད་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་དམངས་དམག་གི་བརྩེ་བ་འོ་ཆུ་འདྲེས་པ་བཞིན་བྱས་མྱོང་།

ཉེ་བའི་ལོ་འགའི་རིང་ལ། པདྨ་རྫོང་གིས“དམར་དམག་ལུང་པའི”རིག་གནས་ཐོན་ཁུངས་ལ་བརྟེན་ནས་སེམས་ཞིབ་མོས་འཆར་གཞི་བཟོ་འགོད་དང་། ཤུགས་ཆེན་པོས“དམར་མདོག་གི་པདྨ”གོང་དུ་སྤེལ་ཏེ། སྔ་གཞུག་ཏུ་དམར་དམག་ལྡིང་ཁང་དང་། དམར་དམག་ཟམ་པ། དམར་དམག་ལུང་པའི་རྗེས་དྲན་ཁང་། དམར་དམག་རྒྱང་སྐྱོད་ཀྱི་རྗེས་དྲན་རྡོ་རིང་། མཚོ་སྔོན་ཞིང་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་སློབ་གསོའི་རིག་གནས་ལོ་རྒྱུས་ཁང་སོགས་སྒྲིག་བཀོད་འཛུགས་སྐྲུན་བྱས། །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།