མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཁེ་ལས་ཀྱི་གཉེར་སྐྱོང་བྱེད་སྒོ་ཁག་ཅིག་སླར་གསོ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིག་གནས་དང་ཡུལ་སྐོར་ལས་རིགས་སྐོར་པུའུ་ཡིས་ཡུལ་སྐོར་ལས་རིགས་ཀྱི་ལས་ཐོན་སྐྱེད་བསྐྱར་འཛུགས་བརྡ་ཐོའི་སྐོར་གྱི་དགོངས་དོན་ལག་བསྟར་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི《མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་ཡན་ལག་ཁུལ་གྱི་རིམ་དབྱེ་གནད་སྨིན་ཇུས་འདོན་ཡིག་ཆའི》བླང་བྱ་དོན་འཁྱོལ་བྱ་ཆེད། ཉིན་ཤས་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས《རིག་གནས་དང་ཡུལ་སྐོར་ཁེ་ལས་ཀྱི་གཉེར་སྐྱོང་བྱེད་སྒོ་ཁག་གཅིག་སླར་གསོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས། ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཁོངས་གཏོགས་ཁུལ་དེ་གའི་རིག་གནས་ཡུལ་སྐོར་བྱ་ཡུལ་དང་ཁེ་ལས་ཀྱི་སྒོ་དབྱེ་དང་གཉེར་སྐྱོང་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

《བརྡ་ཐོའི》ནང་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་བྱ་ཡུལ་གྱིས་རིག་གནས་དང་ཡུལ་སྐོར་པུའུ་ཡི་འབྲེལ་ཡོད་སི་ཅུའུ་ཡི《སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང(ས་ཚིགས)སླར་གསོའི་སྒོ་དབྱེའི་ལས་དོན་གྱི་ཕྱོགས་སྟོན་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དང《〈ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་དབྱེའི་རིམས་ནད་སྔོན་འགོག་ཚོད་འཛིན་སླར་གསོ་བྱེད་པའི་བྱ་ཐབས་ཀྱི་ཕྱོགས་སྟོན〉པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》རྒྱལ་ཁབ་རིག་དངོས་ཅུའུ་ཡི་《པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་རིག་གནས་དངོས་མང་སྟོན་ཚོགས་ཚན་པ་སླར་གསོ་དང་ལས་འགོ་བསྐྱར་འཛུགས་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སླར་གསོ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

《བརྡ་ཐོའི》ནང་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་དང་ཁེ་ལས་ཁག་གིས་ཞིང་ཆེན་ནང་ཁུལ་གྱི་ཚོགས་པའི་ཡུལ་སྐོར་ལས་སྒོའི་གཉེར་སྐྱོང་ལས་སྒོ་སླར་གསོ་ཐུབ་པ་དང་། ཞིང་ཆེན་ལས་བརྒལ་བ་དང་རྒྱལ་ཁབ་ཕྱི་ནས་ཡོང་བའི་ཚོགས་པའི་ཡུལ་སྐོར་ལས་སྒོ་དང་དེ་བཞིན“གནམ་གྲུའི་སྤ་སེ་དང་ཨར་ཁང་ཟུང་དུ་འབྲེལ་བའི”ཡུལ་སྐོར་ལས་སྒོ་གནས་སྐབས་གཉེར་མི་ཆོག་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་། ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བླང་བྱ་གཞིར་བཟུང་། ཕྱི་རྒྱལ་ནས་མཚོ་སྔོན་དང་མཚོ་སྔོན་ཕྱིར་འགྲོ་བའི་ཀྲུང་གོའི་སྤྱི་དམངས་ཡིན་ནའང་འདྲ་ཡང་ན་ཕྱི་རྒྱལ་བ་ཡིན་ནའང་འདྲ། ཐད་ཀར་ཕྱི་རྒྱལ་ནས་ཐོན་པའམ་ཡང་ན་རྒྱལ་ནང་གི་གྲོང་ཁྱེར་གཞན་དག་ནས་རང་རེའི་ཞིང་ཆེན་དུ་ཡོང་བའི་རང་ཞིང་གི་མི་གང་རུང་ཡིནའང་འདྲ། ཡུལ་སྐོར་ལས་དོན་ཁང་གིས་གོང་གསལ་མི་སྣ་ཞིང་ཆེན་ནང་ཁུལ་དུ་ཡུལ་སྐོར་བྱེད་པར་རྩ་འཛུགས་བྱེད་མི་ཆོག ཡུལ་སྐོར་ལས་དོན་ཁང་གིས་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ཚོགས་པ་རྩ་འཛུགས་བྱེད་པར་ངེས་པར་དུ་མི་གཅིག་ལའང་་“བདེ་ཐང་ཨང་རྟགས་”ཐོ་འགོད་བྱེད་རྒྱུ་མི་ལུས་པ་བྱེད་དགོས་པ་དང་། ངེས་པར་དུ་རྒྱལ་ཡོངས་ཀྱི་ཡུལ་སྐོར་ལྟ་སྐུལ་དོ་དམ་ཞབས་ཞུའི་ལས་སྟེགས་ཐོག་ཚོགས་པའི་ཆ་འཕྲིན་བསྐུར་དགོས་ཤིང་། རིམ་ཁག་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་ཞིབ་བཤེར་ལས་དོན་ཡག་པོ་བསྒྲུབས་ནས་ཞིབ་བཤེར་ཐེངས་གྲངས་མང་དུ་གཏོང་དགོས་པའི་བླང་བྱ་བཏོན།

《བརྡ་ཐོའི》ནང་ད་དུང་ཡུལ་སྐོར་ལས་དོན་ཁང་དང་དེ་བཞིན་དྲ་ཐོག་ཡུལ་སྐོར་ཁེ་ལས་ཀྱིས་ལས་སྒོའི་ལས་དོན་སྤེལ་སྐབས་ཞིབ་ཕྲའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།