ཝང་ལིས་མེན་གྱིས་ན་གོར་མོ་རུ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས19ཉིན་ནས་ཚེས20ཉིན་བར། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་ན་གོར་མོ་གྲོང་ཁྱེར་དུ་སོང་ནས་རྣམ་གྲངས་གལ་ཆེན་དང་གཙོ་གནད་ཁེ་ལས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ལས་དོན་སྤེལ་བར་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། བརྟན་ལྷིང་དང་གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་བསྐྱར་འཛུགས་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ལིས་མེན་སྔ་རྗེས་སུ་ན་གོར་མོའི་མེ་འཁོར་ས་ཚུགས་དང་། ན་གོར་མོའི་ཕྱོགས་བསྡུས་ཟོག་འགྲེམ་གླིང་། ན་གོར་མོའི་བཟོ་ལས་གླིང་སོགས་སུ་སོང་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ཨར་ལས་ཡུལ་དངོས་སུ་རྣམ་གྲངས་སླར་གསོ་དང་། བཟོ་པ་ལས་གནས་སུ་ཕྱིར་ལོག་པ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་། རིམས་འགོག་དངོས་ཟོག་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཡུལ་དངོས་སུ་ཁེ་ལས་དང་རྣམ་གྲངས་ཀྱི་ལས་འགོ་འཛུགས་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བརྒྱུད་རིམ་ཁྲོད་ལས་མི་བཀོལ་སྤྱོད་དང་མ་དངུལ་བསྡུ་སྒྲིག་གི་དཀའ་གནད་ལ་ཞིབ་འཇུག་དང་ཐག་གཅོད་བྱས། ཁོས་ཁེ་ལས་ཀྱིས་རིམས་ནད་འགོག་སྡོམ་བྱེད་པའི་སྐབས་སུ་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ནས་དཀའ་ངལ་ཁྱད་བསད་ཀྱིས་ཐོན་སྐྱེད་དམ་འཛིན་བྱས་ཏེ་རིམས་ནད་ཐོན་ཁུལ་དང་ཞིང་ཆེན་ཡོངས་ཀྱི་རིམས་འགོག་དངོས་ཟོག་མཁོ་འདོན་ལ་འགན་ལེན་མཁོ་འདོན་བྱས་པར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་རྨང་གཞིའི་འགག་སྒོ་ནན་སྲུང་བྱེད་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། ཐོན་སྐྱེད་ཀྱི་ལས་འགན་དམ་འཛིན་བྱེད་པ། བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ནས་ཁེ་ལས་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱེད་དགོས་ཟེར།

ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དེ་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཁེ་ལས་དང་རྣམ་གྲངས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། རྣམ་གྲངས་འཛུགས་སྐྲུན་གྱི་དཀའ་གནད་དང་ཁེ་ལས་ཀྱི་དཀའ་ངལ་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་ཏེ་དམིགས་འབེན་མི་འགྱུར་བ་དང་། ཤུགས་ཚད་ཇེ་ཆུང་དུ་མི་གཏོང་བ། ལས་ཀ་རྒྱུན་ཆད་མེད་པ་བཅས་རྒྱུན་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་གཉིས་ཀ་དམ་འཛིན་དང་གཉིས་ཀ་འཐུས་ཤོར་མི་འགྲོ་བར་འགན་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བར་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།