མ་འོངས་ཉིན་གསུམ་རིང་རླུང་གཡུགས་ཤིང་ཁ་བ་བབས་ནས་དྲོད་ཚད་མར་ཆག་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འགར་བསྟུད་མར་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་མུ་མཐུད་ཇེ་དྲོར་ཕྱིན་ནས་ཟི་ལིང་གི་དྲོད་ཚད་མཐོ་ཤོས20℃ལས་བརྒལ་ཉེ་བའི་སྐབས་སུ། མཁའ་རླུང་གྲང་མོ་ཞིག་གློ་བུར་དུ་ཐོན། གསར་འགོད་པས་ཞིང་ཆེན་གནམ་གཤིས་ཅུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། ཟླ3པའི་ཚེས25ཉིན་གྱི་མཚན་མོར་མཚོ་སྔོན་ཞིང་ཆེན་བྱང་རྒྱུད་ས་ཁུལ་གྱི་དྲོད་ཚད་མཐོ་ཤོས་མར་ཆག་ཆེ་བ་དང་། ཟི་ལིང་གྲོང་ཁྱེར་གྱི་དྲོད་ཚད་མཐོ་ཤོས6℃ཏུ་ལྷུང་། 

ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱི་སྔོན་བརྡ་གསར་ཤོས་ལྟར་ན། ཚེས25ནས་ཚེས26ཉིན་བར། མཚོ་ནུབ་ཀྱི་ནུབ་རྒྱུད་དུ་ནུབ་རླུང་རིམ་པ6ནས7བར་གཡུགས་པ་དང་། ཟི་ལིང་དང་མཚོ་ཤར་དུ་ཤར་ལྷོའི་རླུང་རིམ་པ4ནས5བར་གཡུགས་ཤིང་བྱེ་རླུང་ཡོད། ཟི་ལིང་དང་། མཚོ་ཤར། མཚོ་ལྷོ་བྱང་རྒྱུད། རྨ་ལྷོ་བཅས་ཀྱི་ཉིན་རེའི་ཆ་སྙོམས་དྲོད་ཚད6℃ནས8℃བར་མར་ཆག་པ་དང་། ཟི་ལིང་གི་ལྷོ་རྒྱུད་དང་། མཚོཤར་གྱི་ལྷོ་རྒྱུད། མཚོ་ལྷོའི་ལྷོ་རྒྱུད། ཡུལ་ཤུལ། མགོ་ལོག་གི་བྱང་རྒྱུད་བཅས་སུ་ཁ་བ་བབས་པ་དང་། རིམ་རྩིས་བྱས་ན་ཁ་བའི་སྟུག་ཚད་ཧའོ་སྨི1ནས3བར་ཆགས་པ་དང་། གཙོ་བོ་ཚེས25ཉིན་གྱི་མཚན་མོར་ཁ་བ་བབས་ཡོད།  

མ་འོངས་པའི་ཉིན་གསུམ་རིང་གི་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་འཕེལ་ཕྱོགས་ནི་ཚེས25ཉིན་གྱི་མཚན་མོ་ནས་ཚེས26ཉིན་གྱི་ཉིན་མོའི་བར། མཚོ་ཤར་གྱི་ས་ཆ་མང་ཆེ་བ་དང་རྨ་ལྷོའི་ལྷོ་རྒྱུད། མགོ་ལོག་གི་ས་ཆ་མང་ཆེ་བ། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ་བཅས་སུ་ཁ་བ་འབབ་རྒྱུ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ས་ཆ་གཞན་དག་ཏུ་སྤྲིན་མང་བའམ་གནམ་ཐངས་རྒྱུ་རེད། ཚེས26ཉིན་གྱི་མཚན་མོ་ནས་ཚེས27ཉིན་གྱི་ཉིན་མོའི་བར། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོར་སྤྲིན་མང་། ཚེས27ཉིན་གྱི་མཚན་མོ་ནས་ཚེས28ཉིན་གྱི་ཉིན་མོའི་བར། ཟི་ལིང་དང་། མཚོ་ཤར་གྱི་ལྷོ་ཕྱོགས། མཚོ་བྱང་གི་ས་ཆ་མང་ཆེ་བ། མཚོ་ལྷོ། རྨ་ལྷོ། མགོ་ལོག ཡུལ་ཤུལ། ན་གོར་མོ་བཅས་ལ་ཁངས་ཆུང་ཆུང་འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་སྤྲིན་མང་བའམ་གནམ་འཐིབས་རྒྱུ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།