རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པའི་མི28ལ་གཟེངས་བསྟོད་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གཞུང་ལས་ཁང་གི་མངགས་བཅོལ་ལྟར། ན་གོར་མོ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡིས་མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་པའི་ལས་གྲྭའི་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་ཚའོ་ལི་ཆོན་དང་། ཞིན་ཀྲི་ཏེ། ཨན་ཅན་གོ་སོགས་མི28ལ“རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དྲན་གསོའི་རྟགས་མ”སྤྲད་པ་རེད། 

2013ལོ་ནས2019ལོའི་བར་ན་གོར་མོ་གྲོང་ཁྱེར་གྱིས་གདང་ལ་གྲོང་རྡལ་གྱི་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་དང་ཞིང་འབྲོག་པའི་གསོ་སྦྱོང་སོགས་རྣམ་གྲངས་དྲུག་ལ་མ་དངུལ་སྒོར་ཁྲི8865.94ལྷག་བཏང་བ་དང་། རྣམ་གྲངས་འཛུགས་སྐྲུན་ཚང་མ་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གཞུང་ལས་ཁང་གི་གདེང་འཇོག་བཟང་པོ་ཡང་ཐོབ།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།