རྡོ་རྗེ་རབ་བརྟན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གཞི་གྲངས་ཆེན་མོའི་རྟེན་གཞི་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཀྲུའུ་ཞི་གཞོན་པ་ཝང་ཞོན་གྱིས་ཞིང་ཆེན་སྲིད་གྲོས་ཀྱི་ལོ་འཁོར་གྱི་གཙོ་གནད་གྲོས་མོལ་ཞིབ་འཇུག་བརྗོད་གཞིར་དམིགས་ནས། ཀྲུང་གོ་འབྲེལ་འཕྲིན་མཚོ་སྔོན་ཡན་ལག་ཀུང་སི་དང་ཀྲུང་གོ་སྤོ་འཕྲིན་མཚོ་སྔོན་ཚད་ཡོད་ཀུང་སིར་ཕེབས་ནས། རང་ཞིང་གི་གཞི་གྲངས་ཆེན་མོའི་རྟེན་གཞི་འཛུགས་སྐྲུན་དང་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ། རིག་ལྡན་སྲིད་གྲོས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཞི་གྲངས་ཆེན་མོའི་ལག་རྩལ་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། གྲངས་འཛིན་དཔལ་འབྱོར་གྱི་འཐབ་ཇུས་བཀོད་སྒྲིག་འཕེལ་རྒྱས་གཏོང་བའི་རེ་བ་བཏོན། ཀུང་སི་གཉིས་པོས་གོ་སྐབས་དམ་འཛིན་དང་གསར་འབྱེད་ཡར་བརྩོན་བྱས་ཏེ་རང་ངོས་ཀྱི་ལག་རྩལ་དང་། ཤེས་ལྡན་མི་སྣ། ཐོན་ཁུངས་ཀྱི་ལེགས་ཆ་བཅས་གང་ལེགས་བེད་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་ཧུར་ཐག་ཞུགས་པ་དང་སྐུལ་འདེད་གཏོང་དགོས་པ་དང་། 5Gདྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མཐོ་གསར་ལག་རྩལ་གྱི་ལེགས་ཆ་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་། འདེགས་སྐྱོར་གལ་ཆེན་དུ་བསྒྱུར་ནས་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ། མཚོ་སྔོན་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་བཅས་ལ་ལེགས་སྐྱེས་གསར་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

རྡོ་རྗེ་རབ་བརྟན་གྱིས་མི་དམངས་སྲིད་གྲོས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་དུས་བསྟུན་མདུན་སྐྱོད་ཀྱིས་འགན་འཁྲི་ལག་བསྟར་གསར་གཏོད་ལ་སྐུལ་འདེད་བཏང་ཚེ། གཞི་ནསགཞི་གྲངས་་ཆེན་མོའི་དུས་རབས་ཀྱི་བླང་བྱ་དང་མཐུན་པ་དང་། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་ས་གནས་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་ཐུབ། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱིས་གཞི་གྲངས་སྤྱད་དེ་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཆེ་རུ་བཏང་ནས་གཞི་གྲངས་ཆེན་པོས་ལས་དོན་ཁག་གི་ཁྲོད་ཀྱི་ནུས་པ་དེ་བས་ཆེ་བ་འདོན་སྤེལ་ཐུབ་པ་བྱེད་དགོས། ཕྱོགས་གཅིག་ནས་གཞི་གྲངས་ཆེན་པོའི་ལག་རྩལ་ཐོན་ལས་འཕེལ་རྒྱས་གཏོང་བའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་རྩེ་གཅིག་ཏུ་དམིགས་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཕྱོགས་གཞན་ཞིག་ནས་གཞི་གྲངས་ཆེན་མོའི་ལེགས་ཆར་བརྟེན་ཏེ་སྲིད་གྲོས་ཀྱི་འགན་སྒྲུབ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། རིག་ལྡན་སྲིད་གྲོས་འཛུགས་སྐྱོང་གི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། འགན་སྒྲུབ་ལས་སྟེགས་དེ་བས་མང་པོ་ཧུར་ཐག་གིས་གཏོད་པ་བཅས་བྱས་ཏེ། ཨུ་ཡོན་གྱི་འགན་སྒྲུབ་དེ་དུས་དང་བར་སྟོང་གི་ཚོད་འཛིན་ལས་སྒྲོལ་ཐུབ་པ་བྱེད་པ་དང་། ཐབས་འདོན་ཇུས་འདོན་དང་། སྲིད་སྐྱོང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བཅས་ཀྱི་ཕན་འབྲས་མུ་མཐུད་དུ་ཆེ་རུ་བཏང་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་མཚོ་སྔོན་གསར་པ་བསྐྲུན་པའི་སྤྱི་ཡོངས་ལ་ཞབས་འདེགས་ལེགས་པོ་ཞུ་དགོས། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།