མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ནས་འཕྲལ་སྒྲུབ་དོ་དམ་གྱི་ཆེད་མཁས་མཛོད་འཛུགས་པའི་ལས་དོན་སྤེལ་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། མཚོ་སྔོན་ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་གྱིས 《མཚོ་སྔོན་ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་གྱི་ཆེད་མཁས་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》གཞིར་བྱས་ཏེ་བརྡ་ཐོ་བཏང་ཞིང་།  ཞིང་ཆེན་ཡོངས་ནས་འཕྲལ་སྒྲུབ་དོ་དམ་གྱི་ཆེད་མཁས་མཛོད་འཛུགས་པའི་ལས་དོན་སྤེལ་འགོ་བརྩམས་པ་མ་ཟད། ཞིང་ཆེན་ཡོངས་ལ་སྤྱོད་ཡོན་གཉིས་ལྡན་གྱི་དཔེ་བཟང་མི་སྣ་གདན་ཞུ་བྱས་པ་རེད། 

མཚམས་སྦྱོར་བྱས་པ་ལྟར་ན། འཕྲལ་སྒྲུབ་དོ་དམ་གྱི་ཆེད་མཁས་མཛོད་འཛུགས་སྐྲུན་བྱེད་པ་ནི་ཚན་རིག་དང་མཐུན་པའི་ཐོན་སྐྱེད་བདེ་འཇགས་དང་རང་བྱུང་གནོད་འཚེ་སྣ་ཚོགས་ལ་ཁ་གཏད་ནས་འཕྲལ་སྒྲུབ་དོ་དམ་གྱི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་བ་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་བ། ཉེན་ཁ་ཚབས་ཆེན་སེལ་ཐུབ་པ། “གནོད་འཚེ་ཆེན་པོ”དང“འཕྲལ་སྒྲུབ་ཆེན་མོའི”འཕྲལ་སྒྲུབ་དོ་དམ་བྱེད་སྟངས་ཀྱི་དགོས་མཁོ་དང་འཚམ་པ།  ཆེད་ལས་ཤེས་བྱ་དང་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་པའི་འཕྲལ་སྒྲུབ་དོ་དམ་ཆེད་མཁས་པ་སྐོར་ཞིག་བདམས་ནས་ཐོལ་བྱུང་གི་དོན་རྐྱེན་ལ་ཆེད་ལས་དང་ལག་རྩལ་མཁོ་འདོན་བྱས་ཏེ་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱ་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་མི་སྣ་གདན་ཞུ་བྱེད་པའི་ལས་ཁུངས་གཙོ་བོ་ནི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ལས་ཁུངས་དང་། མཐོ་རིམ་སློབ་གླིང་། ཚན་རིག་ཞིབ་འཇུག་ལས་ཁུངས།  ཁེ་ལས། ལས་རིགས་མཐུན་ཚོགས། འཕྲལ་སྒྲུབ་རོགས་སྐྱོབ་དཔུང་ཁག ལག་རྩལ་ཞབས་ཞུ་སོགས་ཀྱི་ལས་ཁུངས་ཕྱོགས་ནས་འཕྲལ་སྒྲུབ་ཐག་གཅོད་ལས་རིགས་དང་།  བློ་འདྲིའི་ཞབས་ཞུའི་ལས་རིགས། ཡུལ་དངོས་ཞིབ་བཤེར་ལས་རིགས། ལག་རྩལ་དཔྱད་འདེམས་ལས་རིགས། དོན་རྐྱེན་བརྟག་དཔྱད་ལས་རིགས། གནོད་འཚེའི་བརྟག་དཔྱད་ལས་རིགས་དང་དྲིལ་བསྒྲགས་གསོ་སྦྱོང་ལས་རིགས་ཀྱི་ཆེད་ལས་མཁས་པ་སོགས་གདན་ཞུ་བྱེད་རྒྱུ་རེད།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།