མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བ་རྒྱལ་ཁའི་ངང་མཇུག་སྒྲིལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས25ཉིན།  མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བ་ཟི་ལིང་དུ་མཇུག་སྒྲིལ།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་དང་།  མ་ཝེ།  ཀའོ་ཧྭ།  ཉི་མ་སྒྲོལ་མ།  ཉའོ་ཁྲིན་ཡུང་།  ཝུའུ་ཧའེ་ཁུང་།  ལིག་ཐུང་ཏེ།   དྲུང་ཡིག་ཆེན་མོ་ཅ་ཡུན་ཀྲུང་བཅས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན55ཚོགས་འདུར་ཞུགས་པ་དང་།  ཁྲིམས་ལུགས་ཀྱི་གཏན་འབེབས་མི་གྲངས་དང་མཐུན་ལ།  ཀྲང་ཀོང་རུང་གིས་ཚོགས་འདུར་འགོ་འཛིན་མཛད།

ཚོགས་འདུའི་ཐོག《〈མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣ་བསྐོ་འཐེན་བྱ་ཐབས〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང་།   《〈མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ལས་དོན་མི་སྣའི་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་དང་ལག་བསྟར་བྱེད་ཐབས〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང་།   《སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་དམངས་འཐུས་་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང་།   《ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་རྒྱག་དང་། ཉོ་ཚོང་། བཟའ་བཅའ་བཅས་གཏན་འགོག་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང་།   《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག(བཟོ་བཅོས)》ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་།  《2020ལོའི་ཁག་གཉིས་པའི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམས་སྤེལ་དང་གཏོང་ཡོང་སྔོན་རྩིས་ལེགས་སྒྲིག་འོས་འཚམ་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ》བཅས་ཀྱི་ཐག་གཅོད་ལ་གྲོས་འཆམ་བྱུང་

ཚོགས་འདུའི་ཐོག་འབྲེལ་ཡོད་མི་དོན་དོན་དག་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་།  ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་།  ཞིང་ཆེན་ལྟ་བཤེར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ།  ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲེན་མིང་གོ  ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་མོང་ཡུང་ཧྲན་སོགས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ཚོགས་འདུ་གྲོལ་རྗེས་ས་གནས་དེ་གར་ཆེད་དོན་འཆད་ཁྲིད་ཐེངས་བཅུ་གཅིག་པ་འཚོགས་ཏེ《ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་དགོས》ཞེས་པར་སློབ་སྦྱོང་བྱས་པ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།