​མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་ཞབས་ཞུ་བྱ་ཡུལ་དང་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“མི་སྣ་གསོ་སྦྱོང་ཆེན་མོ། ལས་གནས་སྦྱོང་བརྡར་ཆེན་མོ། ཁོར་ཡུག་བཅོས་སྒྲིག་ཆེན་མོ”འམ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་པའི་རིག་གནས་ཞབས་ཞུ་བྱ་ཡུལ་དང་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུ་རེད། 

མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས“མི་སྣ་གསོ་སྦྱོང་ཆེན་མོ། ལས་གནས་སྦྱོང་བརྡར་ཆེན་མོ། ཁོར་ཡུག་བཅོས་སྐྱོང་ཆེན་མོ”ཡི་ལས་དོན་དེ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན། རིག་གནས་དང་ཡུལ་སྐོར་ཁེ་ལས་གྱི་ལས་ཐོན་བསྐྱར་ཚུགས་བཅས་དང་ཟུང་འབྲེལབྱས་ནས་འགོ་ཁྲིད་ཚོགས་ཆུང་དང་ལས་ཀའི་ཆེད་ལས་འཛིན་གྲྭ་བཙུགས་ཏེ། རིགས་སོ་སོའི་བདེ་འཇགས་འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་བཏང་ཞིང་། འཕྲལ་སྡོམ་ཐག་གཅོད་ནང་སྦྱོང་སྒྲིག་འཛུགས་བྱས་པ། བདེ་འཇགས་སློབ་གསོ་དང་འཕྲལ་སྡོམ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རིག་གནས་ཡུལ་སྐོར་ཁྱབ་ཁོངས་ཀྱི་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱས།  

མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་མ་ལག་གིས་མུ་མཐུད་དུ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་ནས་དཔེ་མཛོད་ཁང་དང་། རིག་གནས་ཁང་། རྟེན་རྫས་བཤམས་མཛོད་ཁང་སོགས་སྤྱི་པའི་རིག་གནས་ཞབས་ཞུ་བྱ་ཡུལ་དང་། མཛེས་ལྗོངས་ཁུལ་དང་གསོལ་འགྲོན་ཁང་། འཁྲབ་སྟོན་ཁང་སོགས་གཉེར་སྐྱོང་རང་བཞིན་གྱི་རིག་གནས་ཡུལ་སྐོར་བྱ་ཡུལ་དུ་ཁོར་ཡུག་བཅོས་སྒྲིག་བྱས་བྱེད་རྒྱུ་ཡིན་ལ། གསང་སྤྱོད་གསར་བརྗེ་ལ་སྐུལ་འདེད་བཏང་ནས་ཡ་རབས་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་འགན་ལེན་ནུས་ལྡན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།