ལིག་ཐའོ་ཡིས་སློབ་གསོའི་ཁོངས་གཏོགས་ཀྱི་རྣམ་གྲངས་གལ་ཆེན་ལས་འགོ་བསྐྱར་འཛུགས་བྱེད་པར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས24ཉིན། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་སློབ་གསོའི་ཁོངས་གཏོགས་ཀྱི་རྣམ་གྲངས་གལ་ཆེན་ལས་འགོ་བསྐྱར་འཛུགས་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་། ནུས་ཤུགས་ཡོད་རྒུས་སྤུས་ཚད་འགན་ལེན་དང་བདེ་འཇགས་འགན་ལེན། འཕེལ་རིམ་འགན་ལེན་བྱས་ཏེ་དངོས་ཟོག་གི་གྲངས་འབོར་དེ་བས་མང་བ་ལེགས་སྒྲུབ་བྱས་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་ནན་བཤད་བྱས།

ལིག་ཐའོ་འཁོར་དང་བཅས་པ་སྔ་རྗེས་སུ་མཚོ་སྔོན་སློབ་ཆེན་གྱི་ཕྱོགས་བསྡུས་ལུས་རྩལ་ལྟེ་གནས་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཚོད་ལྟའི་དངོས་སྦྱོང་རྟེན་གཞི། མཚོ་སྔོན་གཙང་གསུམ་མི་རིགས་སློབ་འབྲིང་གི་དུས་སྐབས་གཉིས་པའི་བཟོ་སྐྲུན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་གྲ་སྒྲིག་ཚན་ཁག་གི་སློབ་གསོའི་རྟེན་གཞི་སོགས་ཨར་ལས་བྱ་ཡུལ་དུ་སོང་ནས་ཡུལ་དངོས་ནས་རྣམ་གྲངས་ཨར་ལས་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་ངལ་ཡོད་པའི་གནད་དོན་ལ་ཞིབ་འདྲི་བྱས།

ལིག་ཐའོ་ཡིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི“སྔོན་འགོག་གཉིས”ཀྱི་ཕན་འབྲས་སྔར་བས་སྲ་བརྟན་དུ་ཕྱིན་པ་དང་ཆབས་ཅིག“གཙང་སེལ་གཉིས”ཀྱི་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། “དབྱེ་འབྱེད་གཉིས”ཀྱི་བླང་བྱའི་འཕེལ་རིམ་ཇེ་མགྱོགས་སུ་ཕྱིན་པ། “ཕྱིར་སྐྱོད་གཉིས”གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ། “དམིགས་ཚད་གཉིས”ཀྱི་རྨང་གཞི་ཟམ་མི་ཆད་པར་ཇེ་བརྟན་དུ་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་རྒྱུན་ལྡན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་ཀྱི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པར་གོ་བ་གཏིང་ཟབ་ལེན་པ་དང་། ད་ལྟའི་དུས་མཚམས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། རྣམ་གྲངས་སླར་གསོ། སློབ་འགོ་ཚུགས་ནས་སློབ་ཁྲིད་སླར་གསོ་བྱེད་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། གོ་སྐབས་ཡག་པོ་དམ་འཛིན་བྱེད་པ། བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱེད་པ་བཅས་བྱས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་བཟོ་སྐྲུན་འཕེལ་རིམ་དང་སྤུས་ཚད་ལ་འགན་ལེན་བྱེད་པའི་དུས་མཚུངས་སུ་སྐྲུན་བཞིན་པའི་རྣམ་གྲངས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་མི་འབྱུང་བ་བྱེད་དགོས། རྣམ་གྲངས་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་དང་ཟུང་འབྲེལ་བྱས་ཏེ“སློབ་གྲྭ་གཅིག་ལ་ཐབས་ཇུས་གཅིག”ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་འགོ་ཚུགས་པའི་ཇུས་གཞི་བཟོས་ཏེ་ནུས་ཤུགས་ཡོད་རྒུས་རྒྱུན་ལྡན་གྱི་སློབ་གསོ་སློབ་ཁྲིད་གོ་རིམ་ལ་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།