ད་ལོ་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་མི་སྣའི་ནད་ལྗིད་མོ་སྐྱོབ་བཅོས་བྱེད་ཚད་བརྒྱ་ཆའི་བརྒྱ་ལ་བསླེབ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་བདེ་ཐང་དབུལ་སྐྱོར་གྱི“སྐོར་གཅིག་ཅན་གསུམ”གྱི་འགུལ་སྐྱོད་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ནད་རིགས་ལྗིད་མོ30སྐྱོབ་བཅོས་བྱས་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཀྱི་གསར་བསྣན་ནད་རིགས་སྐྱོབ་བཅོས་ལས་དོན་ཡག་པོ་བསྒྲུབས་ནས། “བཅོས་འོས་ཡོངས་བཅོས”ཐུབ་པ་བྱས་ཏེ་དབུལ་ཕོངས་མི་སྣའི་ནད་ལྗིད་མོ་སྐྱོབ་བཅོས་བྱེད་ཚད100%བསླེབ་རྒྱུ་ཡིན་པ་རེད། འདི་ནི་གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་རེད།

2019ལོར་ཞིང་ཆེན་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་ལས་དོན་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལོ་འཁོར་གྱི་དབུལ་བོ་དབུལ་རྐྱང“གཙང་སེལ”གྱི་དམིགས་ཚད་ལ་དམིགས་ནས། བདེ་ཐང་དབུལ་སྐྱོར“གཙང་སེལ”དང་ལོ་འཁོར་གྱི་ལས་ཀའི་ལས་འགན་ཁག་ལེགས་གྲུབ་བྱུང་བ་དང་། གཞི་རྩའི་སྨན་བཅོས་ཐད་འགན་ལེན་གནད་དོན་གྱི“སྟོང་ཆ”ཐག་བཅད་པས། ཞིང་ཆེན་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་བྱུང་བ་རེད། ནད་ཀྱི་དབང་གིས་དབུལ་བོར་གྱུར་བ་དང་དབུལ་བོར་བསྐྱར་ལོག་གི་ཡིག་ཚགས་དང་བྱང་བུ་བཟོས་པའི་མི་གྲངས་དེ2016ལོའི་མི་ཁྲི7.8ནས2019ལོའི་ལོ་མཇུག་བར་མི་ཁྲི1.22བར་ཇེ་ཉུང་དུ་སོང་བ་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལོ་གསུམ་ལ་བསྟུད་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་ལས་ཁུངས་སུ་བདམས་པ་རེད།

2020ལོར་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མི་སྣའི་ཁྱིམ་ཚང་གི་སྨན་པའི་གན་འཇོག་ཞབས་ཞུ་དང་གཅོང་ནད་ཕོག་པའི་ནད་པ་དབུལ་བོའི་གན་འཇོག་ཞབས་ཞུའི་དོ་དམ་ཁྱོན་ཡོངས་ལ་ཁྱབ་པར་བྱ་རྒྱུ་རེད། དབུལ་ཕོངས་མི་སྣ“སྔོན་ལ་ཞག་སྡོད་སྨན་བཅོས་དང་རྗེས་ནས་འགྲོ་གྲོན་རྩིས་ཞུ”ཡི་ཞབས་ཞུའི་རྣམ་པ་དང་། “གཅིག་འཐུས་རྣམ་པའི”བསྡོམས་རྩིས། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་སྣས་ནད་བསྟེན་སྨན་བཅོས་ཀྱི“རྩ་ཆག་དྲུག”གི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། བདེ་ཐང་དབུལ་སྐྱོར་གྱི་ཆེད་དོན་བྱ་འགུལ་སྤེལ་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཚད་གཞི་ལ་ནན་མོར་གཞིགས་ཏེ། སྐྱོན་བཤེར་ཆད་གསབ་བྱེད་པ་དང་དུས་ཐོག་ཏུ་མི་སྣ་སྙོམས་སྒྲིག་བཀོད་སྒྲིག་ཡག་པོ་བྱས་ཏེ་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་སྒྲིག་གཞི་དང་མི་སྣའི“སྟོང་ཆ”མེད་པར་བཟོ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། དབུལ་ནག་གི་རྫོང་གཙོ་གནད་དུ་བཟུང་ནས་འགོས་ནད་དང་ས་གནས་ཀྱི་ནད་རིགས་ཕྱོགས་བསྡུས་འགོག་བཅོས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། “སྐོར་གཅིག་ཅན་གསུམ”དང་། “རྩ་ཆག་དྲུག ཁྱབ་པ་བཅུ”སོགས་བདེ་ཐང་དབུལ་སྐྱོར་སྲིད་ཇུས་བྱེད་ཐབས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། དབུལ་ཕོངས་མི་སྣའི་བདེ་ཐང་ཐོབ་ཚོར་རྒྱུན་མཐུད་ངང་ཇེ་མཐོར་གཏོང་བ། ནད་ཀྱི་དབང་གིས་དབུལ་བོར་གྱུར་བ་དང་དབོལ་བོར་བསྐྱར་ལོག་ལ་ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་། གནད་འཕིགས་རོགས་སྐྱོར། གཞི་རྩའི་སྨན་བཅོས་འགན་ལེན་ཡོད་པར་སྲ་བརྟན་མཐོར་འདེགས། བལྟོས་བཅས་ཀྱི་དབུལ་བོ་ཐག་གཅོད་བཅས་ཀྱི་ཡུན་ཕན་ལམ་སྲོལ་འཛུགས་དགོས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།