མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་ཏང་ཨུའི་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཕྱི་དོན་བྱ་བའི་གནས་ཚུལ་སྙན་ཞུ་ལ་ཉན་པ་དང་། རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱས།

ཧྲིན་ཀྲང་དང་ཞིང་ཆེན་ཏང་ཨུའི་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིག་ཉིང་དང་ཞིང་ཆེན་ཏང་ཨུའི་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མགོན་པོ་བཀྲ་ཤིས་དང་། ཡུས་ཚུང་ལེ། ཆུས་ཤིན་ཡུང་། ཀྲང་ལིས་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་གཅིག་གི་མཚོ་སྔོན་ཞིང་ཆེན་གྱི་ཕྱི་དོན་བྱ་བ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་རྒྱལ་སྤྱིའི་དུས་བབ་དང་རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་འཐབ་ཇུས་འཛིན་སྟངས་ནན་མོ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གལ་ཆེན་དང་། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ70འཁོར་བ། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བ་བཅས་ལ་དམིགས་ཏེ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་ཕྱོགས་སོ་སོའི་ཐོན་ཁུངས་སྤྱི་འདོམས་བྱས་པ་དང་། ཕྱི་འབྲེལ་པུའུ་ཡིས་གོ་ལ་ཧྲིལ་པོར་འོས་སྦྱོར་བྱས་པའི་བྱེད་སྒོ་སོགས་ཕྱི་དོན་བྱ་བ་རབ་དང་རིམ་པར་བཀྲག་མདངས་འཚེར་བ་དང་ཕན་འབྲས་ཐོན་ཏེ་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་དང་འགན་ལེན་བྱ་ཆེད་ལེགས་སྐྱེས་ཕུལ་ཡོད།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་ལས་ཀའི་བཀོད་སྒྲིག་མཚོ་སྔོན་དུ་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཕྱི་དོན་བྱ་བར་འཕྲད་པའི་དུས་བབ་གསར་བ་དང་ལས་འགན་གསར་བ་ཡང་དག་པར་ཁོང་དུ་ཆུད་པ་བྱེད་པ། ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ100འཁོར་བར་དམིགས་ཏེ་གོ་རིམ་ལྡན་པའི་སྒོ་ནས་ཉེ་དུས་དང་། དུས་དཀྱིལ། མ་འོངས་པ་བཅས་ཀྱི་ཕྱི་དོན་བྱ་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་དང་། ས་གནས། མི་དམངས་བཅས་ལ་སྔར་བས་ཞབས་འདེགས་ལེགས་པོ་ཞུ་བ་དང་། ཞབས་ཞུའི་བརྒྱུད་རིམ་ནང་མཚོ་སྔོན་གྱི་སྐྱེ་ཁམས་དང་། རང་བྱུང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཀྱི་རྒྱུ་རྐྱེན་གཙོ་བོར་མཉམ་འདྲེས་ཐུབ་པ་བྱེད་དགོས། ཚོད་འཛིན་མི་སྣ་ཕྱིར་གཏོང་ནང་འདྲེན་བྱེད་པའི་འགག་སྒོ་དང་། དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་འགག་སྒོ། བརྗེ་རེས་འགྲེམས་སྟོན་ལས་སྒྲུབ་འགག་སྒོ་བཅས་ནན་གྱིས་བསྲུངས་ནས་ཆུ་ཚད་མཐོ་བའི“ཕྱིར་སྐྱོད་”དང“ནང་འདྲེན་”གྱི་ལས་དོན་བཟང་པོ་སྒྲུབ་དགོས། ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གཏམ་རྒྱུད། ཀྲུང་ཧྭའི་བུ་ཕྲུག་གིས་འབད་བརྩོན་ལྷོད་མེད་བྱས་པའི་གཏམ་རྒྱུད་ཡག་པོ་བཤད་ནས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱི་དོན་བྱ་བ་ནང་ཁུལ་གྱི་ལས་དོན་ལྟར་སྒྲུབ་པའི་ལམ་སྲོལ་དང་། ནང་ཁུལ་གྱི་ལས་དོན་དེ་ཕྱི་དོན་གཞུང་ལས་ལྟར་སྒྲུབ་པའི་ལམ་སྲོལ། ཕྱི་ནང་མཐུན་སྦྱོར་གཞོགས་འདེགས་ཀྱི་ལམ་སྲོལ་བཅས་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་སྒོ་དབྱེའི་མིག་རྒྱང་དང་བསྟུན་མཁས་ཀྱི་སེམས་ཁམས་ཐོག་ནས་ཞིབ་ཚགས་ཀྱིས་ཕྱི་དོན་བྱ་བ་ཏན་ཏིག་གིས་སྒྲུབ་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།