མཚོ་སྔོན་ཞིང་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་བཞི་པ་འཚོགས་པ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའིའཕྲིན། ཟླ3པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་ཟི་ལིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་བཞི་པ་འཚོགས་ནས་ཞིང་ཆེན་གྱི་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་འགན་འཁུར་བ་གདན་འདྲེན་ཞུས་ཏེ་ཉེ་དུས་མི་དམངས་མང་ཚོགས་དང་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་ལ་སྔར་བས་བརྡ་ལན་བཏབ།  

2.jpg

ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་དྲིལ་བསྒྲགས་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཀྲི་མིང་།

ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་དྲིལ་བསྒྲགས་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཀྲི་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་། 

3.jpg

ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་གཞོན་པ་ཁོང་ཡུང་།

ཡོངས་བསྒྲགས་ཚོགས་འདུའི་ཐོག ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་གཞོན་པ་ཁོང་ཡུང་གིས་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་ཀྱི་སྤྱིར་བཏང་སྔོན་འགོག་ཚོད་འཛིན་ཁུལ་མེད་པར་བཟོས་ནས་རྒྱུན་གཏན་སྔོན་འགོག་ཚོད་འཛིན་དོ་དམ་ལ་བསྒྱུར་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོང་གིས་ཏང་ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཁབ་ཀྱི་འགུལ་རྣམ་དང་རིམ་དབྱེ་སྒོས་ལེགས་སྒྲིག་བྱས་ནས་ཧེ་བག་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་གྱི་ཞིབ་ཕྲའི་བླང་བྱ་གཞིར་བཟུང་། རང་ཞིང་གི་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གནས་བབ་དང་ཟུང་འབྲེལ་བྱས་ཤིང་ཆེད་མཁས་པས་ཚན་རིག་དང་མཐུན་པར་དཔྱད་དཔོག་དང་བརྡར་ཤ་བཅད་པ་བརྒྱུད། ཞིང་ཆེན་སྲིད་གཞུང་གིས2020ལོའི་ཟླ3པའི་ཚེས22ཉིན་གྱི་ཆུ་ཚོད24ནས་བཟུང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ཇེ་ལེགས་སུ་སོང་བ་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་ནས་ཁྱབ་སྤེལ་ཉེན་ཁ་འགོག་ནུས་ལྡན་པའི་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཁུལ་དང་གྲོང་ཤར་ཁུལ། མཚོ་ཤར་གྲོང་ཁྱེར་མིན་ཧི་ཧེ་རིགས་ཧོར་རིགས་རང་སྐྱོང་རྫོང་། དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་སོགས་རྫོང(གྲོང་ཁྱེར་དང་ཁུལ)13སྤྱིར་བཏང་སྔོན་འགོག་ཚོད་འཛིན་ཁུལ་ནས་ཕུད་དེ་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པ་དང་ཆབས་ཅིག་རྒྱུན་གཏན་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། ཐེངས་འདི་ལེགས་སྒྲིག་བྱས་རྗེས་མཚོ་སྔོན་ཞིང་ཆེན་གྱི་རྫོང(གྲོང་ཁྱེར་དང་ཁུལ། སྲིད་འཛིན་ཨུ་ལྷན)45ཚང་མ་རྒྱུན་གཏན་སྔོན་འགོག་ཚོད་འཛིན་དོ་དམ་ལ་བསྒྱུར་ཡོད།

 ཁོང་ཡུང་གིས་བཤད་རྒྱུར། རྗེས་མར་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲིའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་མུ་མཐུད་དུ་ཚད་མཐོའི་དོགས་ཟོན་བྱེད་དགོས་པ་དང་། གཙོ་གཞིའི་འགན་འཁྲི་ཆེ་རུ་བཏང་ནས་མི་མང་འདུ་འཛོམས་བྱ་ཡུལ་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་དགོས། སྐོར་སྐྱོད་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཛུབ་ཁྲིད་ལས་དོན་ཏན་ཏིག་ངང་སྒྲུབ་དགོས། རང་འགན་འཁྲི་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་འགོག་ཆེད་ལས་སྟོབས་ཤུགས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱ་དགོས། དུས་བབ་ཀྱི་དབང་གིས་ལས་ཀའི་ཤུགས་རྒྱག་ས་དང་ཁ་གཏད་སའི་བྱེད་ཐབས་ལེགས་སྒྲིག་བྱས་ནས“འགག་ས”གཏོད་ཅིང“ཆད་ས”མཐུད་ནས་སྤྱི་ཚོགས་ཀྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པ་དང་དུས་མཚུངས་རྒྱུན་གཏན་སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་ངང་སྒྲུབ་དགོས།

4.jpg

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་འཕྲོད་བསྟེན་འཕྲལ་སྡོམ་གཞུང་ལས་ཁང་གི་ཀྲུའུ་རེན་མཱ་ཀྲུང་།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་འཕྲོད་བསྟེན་འཕྲལ་སྡོམ་གཞུང་ལས་ཁང་གི་ཀྲུའུ་རེན་མཱ་ཀྲུང་གིས་མཚོ་སྔོན་ཞིང་ཆེན་གྱི་རྫོང(གྲོང་ཁྱེར་དང་ཆུས)13སྤྱིར་བཏང་སྔོན་འགོག་ཚོད་འཛིན་ཁུལ་ནས་ལེགས་སྒྲིག་བྱས་རྗེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྱབ་བསྒྲགས་བྱས། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་མུ་མཐུད་དུ་ཚད་མཐོའི་དོགས་ཟོན་བྱ་རྒྱུ་དང་། གྲལ་བཤེར་དང་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད“ནང་འདྲེན”གྱི་འགག་སྒོ་ནན་གྱིས་སྲུང་བ། མཐུན་སྦྱོར་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་མི་སྣའི་ཆ་འཕྲིན་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ། གཙོ་གཞིའི་འགན་འཁྲི་ཆེ་རུ་བཏང་ནས་མི་མང་འདུ་འཛོམས་བྱ་ཡུལ་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་གཏོང་བ། སྐོར་སྐྱོད་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་འགོ་བསྐྱར་ཚུགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཛུབ་ཁྲིད་ལས་དོན་ཡག་པོར་སྒྲུབ་པ། རང་འགན་གཙང་སྒྲུབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་འཕྲོད་བསྟེན་གྱི་གཙོ་ཤུགས་དམག་གི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱེད་པ། ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཕྲོད་བསྟེན་བདེ་ཐང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བསྟར་བ་བཅས་ཕྱོགས་བདུན་ཐད་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལེགས་པོར་བསྒྲུབས་ཏེ་མུ་མཐུད་དུ་སྔོན་འགོག་ཚོད་འཛིན་གྱི་ཚད་གཞི་མི་ཆག་པ་དང་ཤུགས་ཚད་མི་ཆག་པ། བླང་བྱ་མི་ལྷོད་པ་བྱས་ཡོད།

5.jpg

ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་མཱ་ཡུང་ཁྲེང་།

ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་མཱ་ཡུང་ཁྲེང་གིས་མཚོ་སྔོན་ཞིང་ཆེན་གྱི《མི་སྣས་ཚན་རིག་དང་མཐུན་པའི་ངང་ཁ་རས་གྱོན་པའི(གྲབས)ཕྱོགས་སྟོན》གྱི་འབྲེལ་ཡོད་གནས་ཚུལ་གསལ་འགྲེལ་བྱས། ཁོང་གིས་བཤད་རྒྱུར། ཁ་རས་གྱོན་རྒྱུ་ནི་སྤྱི་ཚོགས་སྤྱི་དམངས་ཀྱིས་རིམས་ནད་ཀྱི་ནད་དུག་ཕྲ་ཕུང་སྔོན་འགོག་ནུས་ལྡན་དང་ཉུང་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། མིག་སྔར་རང་ཞིང་གི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གནས་བབ་དང་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པའི་དགོས་མཁོར་དམིགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་ཐད་སྤེལ་བའི《སྤྱི་དམངས་ཀྱིས་ཚན་རིག་དང་མཐུན་པའི་ངང་ཁ་རས་གྱོན་པའི་ཁྲིད་སྟོན》དང་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཁུལ་དང་རིམ་པ་དབྱེ་བའི་ཧེ་བག་ཅན་གྱི་དོ་དམ་ལག་བསྟར་གྱི་བླང་བྱ་ལྟར་མི་ཚོགས་མི་འདྲ་བ་དང་གནས་ཚུལ་མི་འདྲ་བར་དམིགས་ནས་ཚན་རིག་དང་མཐུན་པའི་ངང་ཁ་རས་གྱོན་དགོས་པའི་གྲོས་འགོ་བཏོན།

6.jpg

ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་མཱ་ཅཱ་པིང་།

ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་མཱ་ཅཱ་པིང་གིས་ཞིང་ཆེན་ཡོངས་ཀྱི་སློབ་འགོ་ཚུགས་པའི་གནས་ཚུལ་དང་། དངོས་གཞིའི་སློབ་གྲྭ་དང་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་འགོ་ཚུགས་པའི་གྲ་སྒྲིག་ལས་དོན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོང་གིས་མཐོ་སློབ་སློབ་འགོ་ཚུགས་པའི་ལས་ཀའི་འབྲེལ་ཡོད་བཀོད་སྒྲིག་གཙོ་བོར་ངོ་སྤྲོད་གནང་། ཁོང་གིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱི་དངོས་གཞིའི་སློབ་གྲྭ་དང་མཐོ་རིམ་ལས་རིགས་སློབ་གྲྭ་དག་རྩ་དོན་ཐོག་ཟླ4པའི་ཚེས1ཉིན་ནས་ཟླ4པའི་ཚེས15ཉིན་བར་གཅིག་རྗེས་གཉིས་མཐུད་ངང་སློབ་འགོ་ཚུགས་ཆོག བཀོད་སྒྲིག་དེ་འདྲ་བྱས་པར་ཀྲུང་དབྱང་གི་བླང་བྱ་ཡོད་ལ། ཞིང་ཆེན་ལ་བཀོད་སྒྲིག་ཡོད། སྔོན་འགོག་ཚོད་འཛིན་གྱི་ཆ་རྐྱེན་ཡོད། མཐོ་སློབ་ལ་འགན་འཁྲི་ཡོད། དགེ་སློབ་ལ་རེ་བ་ཡོད། མཐོ་རིམ་སློབ་གྲྭའི་སློབ་འགོ་ཚུགས་པའི་ལས་དོན་ཧུར་ཐག་དང་བརྟན་བརླིང་ངང་ལེགས་པར་བསྒྲུབ་ཆེད། ཞིང་ཆེན་སློབ་གསོ་ཐིང་གིས་མཐོ་སློབ་ཀྱི་སློབ་འགོ་ཚུགས་པའི་ལས་ཀའི་ཇུས་གཞི་དང་མཐོ་སློབ་ཀྱི་སློབ་མ་བསྐྱར་ལོག་ལས་དོན་གྱི་སྤྱིའི་ཇུས་གཞི་བཟོས་ནས་དགེ་སློབ་ཀྱི་གཞི་གྲངས་ཁྱོན་ཡོངས་ནས་མཐིལ་རྟོགས་དང་། སློབ་གྲྭར་ཕྱིར་ལོག་གི་ཆེད་དོན་སློབ་གསོ་སྤེལ་བ། ཁག་བགོས་ནས་སློབ་གྲྭར་ལོག་པའི་བྱེད་ཐབས་སྤྱད་པ་དང་། རིགས་དབྱེ་ནས་སློབ་གྲྭར་ལོག་པར་དོ་དམ་བྱེད་པ། སློབ་གྲྭར་བཀག་སྡོམ་གྱིས་དོ་དམ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་བཀོད་སྒྲིག་བྱེད་པ། ལྟ་སྐུལ་མཛུབ་ཁྲིད་དང་ཚོད་སྐོར་ནན་པོ་བྱེད་པ་བཅས་བྱས་ནས་གོ་རིམ་ལྡན་པའི་ངང་སློབ་འགོ་ཚུགས་རྒྱུ་དང་བདེ་འཇགས་ངང་སློབ་ཚན་ཁྲིད་རྒྱུར་འགན་ལེན་བྱེད་དགོས།

7.jpg

ཞིང་ཆེན་སྤྱི་པའི་ཡིད་རྟོན་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ཝུང་ཝུའེ།

ཞིང་ཆེན་སྤྱི་པའི་ཡིད་རྟོན་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ཝུང་ཝུའེ་ཡིས“ཡིད་རྟོན་བདེ་ཐང་ཨང་རྟགས”ཁྱབ་གདལ་བཏང་ནས་གློག་རྡུལ་བདེ་ཐང་ཆ་འཕྲིན་ཞིང་ཆེན་བར་ཕན་ཚུན་ཁས་ལེན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལས་དོན་སྤེལ་ཚུལ་ཁྱབ་བསྒྲགས་བྱས། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི“ཡིད་རྟོན་མཚོ་སྔོན”ལས་སྟེགས་ཀྱི་འཕྲལ་སྡོམ་ངང་ཞིབ་འཇུག་གིས“ཡིད་རྟོན་བདེ་ཐང་ཨང་རྟགས”ཟླ2པའི་ཚེས20ཉིན་བཀོད་སྒྲིག་བྱས་ཏེ་སྤྱད་པ་ནས་བཟུང་ཟླ3པའི་ཚེས24ཉིན་གྱི་ཆུ་ཚོད12བར། རིམ་རྩིས་བྱས་ན་ཐོ་འགོད་བྱས་པའི་སྡེ་ཁག་དང་བྱེད་སྒོ་སྤེལ་ཡུལ3363ཟིན་པ་དང་མི་ཁྲི36བརྒལ་ནས་ཐོ་འགོད་མི་ཐེངས་ཁྲི112ལོན་ཡོད། རིམ་རྩིས་བྱས་ན་དེའི་ནང་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ལ་སྙན་ཞུ་ཕུལ་པའི་བདེ་ཐང་རིམས་འགོག་ཆ་འཕྲིན་ཁྲི1.85ཟིན་ཡོད། རིམ་སྤོར་བྱས་པའི“རྟོན་ཐང་ཨང”མ་ལག་ཟླ3པའི་ཚེས18ཉིན་བཀོད་སྒྲིག་གསར་པ་བྱས་ནས་སྤྱོད་འགོ་ཚུགས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན(གྲོང་ཁྱེར་དང་ལྗོངས)ཡོངས་ཀྱི་གློག་རྡུལ་བདེ་ཐང་ཆ་འཕྲིན་སྤེལ་རེས་མཉམ་སྤྱོད་ཐུབ་ཡོད། ཞིང་ཆེན་གཞན་ནས་མཚོ་སྔོན་དུ་ལོག་མཁན་ཚོས་ལེན་རེ་ཞུ་བ་དང“རྟོན་ཐང་ཨང”བསྟན་ནས་འབྲེལ་འདྲེས་མེད་པའི་འགྲུལ་སྐྱོད་བྱས་ཆོག་ལ། ཞིང་ཆེན་གཞན་ལ་འགྲོ་མཁན་གྱིས་ཀྱང“རྟོན་ཐང་ཨང”ལ་བརྟེན་ནས་ཞིང་ཆེན་གཞན་དུ་སྐྱོད་ཆོག ཟླ3པའི་ཚེས20ཉིན། ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས《ལས་ཐོན་བསྐྱར་ཚུགས་ཁྲོད“ཡིད་རྟོན་བདེ་ཐང་ཨང་རྟགས”བེད་སྤྱོད་ཁྱབ་གདལ་གཏོང་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས“རྟོན་ཐང་ཨང”བེད་སྤྱོད་ཡང་དག་བྱ་རྒྱུའི་ཐད་བླང་བྱ་ཞིབ་ཕྲ་བཏོན་ཡོད།

8.jpg

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲོའུ་མིང་ཅན།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲོའུ་མིང་ཅན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་བཏང་བའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལོ་མང་པོའི་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱིས་མི་དམངས་མང་ཚོགས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་བྱས་ནས་སྐུལ་འདེད་ཏན་ཏིག་བཏང་ཡོད། རིམ་རྩིས་བྱས་ན་ཞིང་ཆེན་ཡོངས་སུ་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར4དང་། རྒྱལ་ཁབ་འཕྲོད་བསྟེན་རྫོང(ཤང་གྲོང་)15། ཞིང་ཆེན་རིམ་པའི་འཕྲོད་བསྟེན་རྫོང10དང་། འཕྲོད་བསྟེན་ཤང་གྲོང159། འཕྲོད་བསྟེན་གྲོང་ཚོ406བཅས་གསར་འཛུགས་བྱས་པ་དང་། མཛེས་ལྡན་གྲོང་ཁྱེར་དང་གྲོང་རྡལ90དང་ས་མཐོའི་མཛེས་ལྡན་གྲོང་སྡེ1800བསྐྲུན་ཐུབ་ཡོད། གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེ”ཡིས་གསང་སྤྱོད་ཁྲི14ལྷག་ཙམ་སྒྱུར་བཀོད་བྱས་ནས་འཕྲོད་བསྟེན་གསར་གཏོད་འཕེལ་རྒྱས་གཏིང་ཟབ་བྱུང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ལ་མི་རེའི་ཆ་སྙོམས་ཚེ་ཚད་སོགས་བདེ་ཐང་དམིགས་ཚད་གཙོ་བོ་བརྟན་བརླིང་་ངང་མཐོ་རུ་ཕྱིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧེ་བག་སྔར་བས་ཇེ་ཆུང་དུ་སོང་ཡོད། ཟླ3པའི་ཚེས་11ཉིན་ཞིང་ཆེན་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། སྤེལ་བཞིན་པའི“མི་སྣ་གསོ་སྦྱོང་ཆེན་མོ། ལས་གནས་སྦྱོང་བརྡར་ཆེན་མོ། ཁོར་ཡུག་བཅོས་སྒྲིག་ཆེན་མོ”ཡི་ལས་དོན་དང་ཟུང་འབྲེལ་བྱས་ནས་གཙོ་གནད་ཐོག་ལས་དོན་ཁག་བཅུ་སྒྲུབ་ཡོད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།