ལིག་ཉིང་གིས་མཚོ་སྔོན་གྱི་ལས་འགོ་བསྐྱར་འཛུགས་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ནུས་ཤུགས་ཡོད་རྒུས་ཁེ་ལས་ཚོང་ལས་ཀྱི་ཐོན་སྐྱེད་དང་གྲུབ་འབྲས་ཐོན་པ་དང་རྣམ་གྲངས་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་བྱེད་པར་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཀྱི་ཚོང་ལས་ལས་འགོ་འཛུགས་པ་དང་རྣམ་གྲངས་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་འགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་ཀྲུང་དབྱང་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཁང་གི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བསྐྱར་གསོའི་བརྟག་ཞིབ་ཚན་ཆུང་གིས་མཚོ་སྔོན་དུ་བརྟག་ཞིབ་དང་ཞིང་ཆེན་ཡོངས་ཀྱི་ལས་འགོ་བསྐྱར་འཛུགས་ཀྱི་གནས་ཚུལ་དང་དེ་བཞིན་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་གསན་པ་དང་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཧྲིན་ཀྲང་དང་འགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ལིག་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དམིགས་ཚད་སྟོན་ཕྱོགས་དང་། གནད་དོན་ཁྲིད་ཕྱོགས། གྲུབ་འབྲས་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱེད་པ། ཉེན་ཁ་གོ་སྐབས་སུ་སྒྱུར་བ་དང་། སྐབས་བསྟུན་ལ་ནུས་པ་ཐོན་པ། ནུས་པར་བརྟེན་ནས་ཉེན་ཁ་སྔོན་འགོག་བྱ་རྒྱུ་བཅས་མཐའ་འཁྱོངས་བྱེད་པ། འོས་འཚམ་དང་། ལེགས་ཆ་ལྡན་པའི་ངང་འཕེལ་རྒྱས། ཏན་ཏན་ཏིག་ཏིག་བྱ་རྒྱུ་བཅས་མཐའ་འཁྱོངས་བྱེད་པ། ཚད་གཞིར་གཞིགས་ནས་ཞན་ཆ་འཚོལ་བ་དང་། དཀའ་ངལ་ལ་མ་འཛེམས་པར་མདུན་དུ་སྐྱོད་པ། འགག་སྒྲོལ་དཀའ་སེལ་བྱ་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁེ་ལས་ཚོང་ལས་ཀྱི་ཐོན་སྐྱེད་དང་གྲུབ་འབྲས་ཐོན་པ་དང་རྣམ་གྲངས་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་བྱེད་པར་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

རྒྱུན་ལས་ཧྲིན་ཀྲང་གཞོན་པའམ་འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ལི་ཅེ་ཞང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཧྲིན་ཀྲང་གཞོན་པའམ་འགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ཡན་ཅིན་ཧའེ་དང་། ཁོང་ཡུང་། ཝང་ལིས་མིང་། ལིའུ་ཐའོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ལིག་ཉིང་གིས་འཕེལ་རྒྱས་ལ་གཡོ་འགུལ་མི་གཏོང་བར་མཐའ་འཁྱོངས་བའི་སྒོ་ནས་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། ལོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། ལས་ཀའི་གཙོ་གནད་དེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ནས་ཕན་འབྲས་ཐོན་པའི་ཕྱོགས་སུ་སྒྱུར་བ། དུས་ཐུང་གི་འཕྲལ་སྡོམ་ནས་ཡུན་རིང་རྒྱུན་མཐུད་གཞན་སྒྱུར་ཕྱོགས་སུ་སྒྱུར་བ། གཙོ་གནད་འགན་ལེན་ནས་ཁྱོན་ཡོངས་ནས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆད་པ་ཁ་གསབ་དང་། དམ་གྱིས་དངོས་འཛིན། ནན་གྱིས་ཞིབ་ཚགས་བཅས་ཀྱི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པར་ནན་བཤད་གནང་བ་རེད། འབུར་དུ་ཐོན་པའི་སྒོ་ནས་མ་འཇོག་བརྟན་པོ་ཡོང་བ་བྱེད་པ་དང་། རྣམ་གྲངས་ཀྱི་དུས་འགོའི་འགག་སྒྲོལ་ལས་གྲྭ་ལག་བསྟར་བྱེད་པ། ཞིབ་མཆན་འགོད་པའི་འཁྱགས་གཏོར་ལས་གྲྭར་སྐུལ་འདེད་གཏོང་བ། རྣམ་གྲངས་ལེགས་གྲུབ་ཡོང་བའི་ལོའི་བྱེད་སྒོ་སྤེལ་བ། རྣམ་གྲངས་གལ་ཆེན་ལ་རྒྱུན་རྣམ་ཅན་གྱི་བརྟག་ཞིབ་ལྟ་སྐུལ་མཛུབ་ཁྲིད་ལམ་སྲོལ་འཛུགས་པ་བཅས་བྱས་ནས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན་ལ། ནུས་ཤུགས་ཡོད་རྒུས་ཐོན་འབབ་འཕར་བར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ། ཆེ་བརྟེན་ཆུང་སྐྱོང་མཐའ་འཁྱོངས་བྱེད་པ། སྲིད་ཇུས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱི་དཀའ་ངལ་རང་འགུལ་ངང་མཐུན་སྦྱོར་དང་ཐག་གཅོད་བྱེད་པ། ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ། ལས་ཞུགས་སླར་གསོ་བྱེད་ཚད་མཐོ་རུ་གཏོང་བ། གཙོ་གཞིའི་ཁྲོམ་རའི་གསོན་ཤུགས་སྔར་བས་འདོན་སྤེལ་བྱེད་པ། དཔལ་འབྱོར་བསྐྱར་འཕར་གྱི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། འཛད་སྤྱོད་རྒྱ་སྐྱེད་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ་དང་། འཛད་སྤྱོད་རྒྱ་སྐྱེད་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་བཏང་ནས་རྒྱལ་ནང་གི་ཚོང་ར་སྟོབས་ཆེན་ཆགས་པ་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་ལག་བསྟར་བསམ་འཆར་དོན་འཁྱོལ་ནན་ཏན་བྱེད་པ། འཛད་སྤྱོད་རྒྱ་སྐྱེད་དང་རིམ་སྤོར་བྱེད་ཚ་ཇེ་མགྱོགས་སུ་གཏོང་བ། ཡུལ་སྐོར་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་བརྟན་འཇགས་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སེམས་ཤུགས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་བརྟན་འཇགས་སུ་གཏོང་བ་དང་། ལས་བྱེད་པ་ཁྲི་གྲོང་གསེབ་ཏུ་སྐྱོད་པའི“ངར་ཤུགས་འཕེལ་བ་དང་། དབུལ་སྒྲོལ་བརྟན་འཇགས། འབྱོར་འབྲིང་བསུ་བ་བཅས་བྱེད་པའི”བྱེད་སྒོར་དམ་འཛིན་བཟང་པོ་བྱེད་པ། “གནད་འཁེལ་མིག་འབྱེད”ཅེས་པའི་ཆེད་དོན་བྱ་སྤྱོད་ནན་གྱིས་སྤེལ་བ། ཞིང་སྡེའི་མཉམ་སྡེབ་དཔལ་འབྱོར“ཐོལ་བརྒལ”་ལདམ་འཛིན་བཟང་པོ་བྱེད་པ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པར་བསྟན་པ་དང་། ནུས་ཤུགས་ཡོད་རྒུས་དཀའ་གནད་ལས་སྒྲོལ་ཏེ་ལས་འགན་གྱི་གསལ་ཐོ་དང་། སྲིད་ཇུས་ཀྱི་གསལ་ཐོ། གནད་དོན་གྱི་གསལ་ཐོ་བཅས་སྔར་བས་ཁ་གསལ་བཟོས་ནས་ས་གནས་ཀྱི་ཁོངས་གཏོགས་འགན་འཁྲི་དང་། སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་དང་ཚོང་ལས་པའི་འགན་འཁྲི། དེ་བཞིན་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པའི་ལས་གནས་འགན་འཁྲི་བཅས་སྔར་བས་ཁ་གསལ་བཟོས་ཏེ་མཚོ་སྔོན་ཁེ་ལས་ཀྱི་ཚོང་ལས་ཐོན་འབབ་ལ་ཕན་འབྲས་ཐོན་པ་དང་རྣམ་གྲངས་གལ་ཆེན་གྱི་ལས་འགོ་བསྐྱར་འཛུགས་བྱེད་པའི“མྱུར་ཚད”ལས་སྒྲོལ་ཐུབ་པ་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།