མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གསོ་སྦྱོང་འཛིན་གྲྭ་བསྡུས་ནས་ལས་བྱེད་མི་སྣའི་བྱང་ཚད་མཐོར་འདེགས་སུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་མི་སྣའི་ལས་ཀ་སྦྱོང་བརྡར་བྱེད་པའི་བླང་བྱ་དང་།  དེང་སྐབས་རིམས་ནད་སྔོན་འགོག་བྱ་བར་དམིགས་ནས། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མཚོ་སྔོན་ལས་བྱེད་དྲ་རྒྱའི་སློབ་གླིང་དུ་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རིམས་ནད་སྔོན་འགོག་དང་འཕྲད་བསྟུན་དོ་དམ་ནུས་ཤུགས་ཆེད་དོན་དྲ་རྒྱའི་འཛིན་གྲྭ་ཐེངས་གཉིས་བསྡུས། སོ་སོར་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་མི་སྣ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས། ཁུལ་དང་གྲོང་ཁྱེར། རྫོང་དང་ས་གནས་འགན་ཁུར་མི་སྣ། འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་མི་སྣར་ཆེད་དོན་གསོ་སྦྱོང་བྱས། 

ཤེས་གསལ་བྱུང་བ་ལྟར་ན།  ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུས་བཙུགས་པའི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་དྲ་རྒྱའི་འཛིན་གྲྭས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ—ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས》དང་། 《ལམ་ལུགས་འཛུགས་སྐྱོང་དང་ལམ་ལུགས་གསར་གཏོད་ཐབས་ལམ་དུ་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས》《རྒྱལ་ཁབ་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཀྲུང་གོའི་འགྲོ་ལམ་དང་འཚོལ་ཞིབ》སོགས་བསླབ་བྱ14ལ་གཙོར་བྱས་ནས་སློབ་ཁྲིད་བྱེད་རྒྱུ་ཡིན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་བསྟུན་དོ་དམ་ནུས་པ་མཐོར་གཏོང་ཆེད་དྲ་རྒྱའི་འཛིན་གྲྭས《རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆབ་སྲིད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ》དང་། 《རང་རྒྱལ་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་ཇི་ལྟར་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ》 《ཐོལ་བྱུང་དོན་རྐྱེན་གྱི་ཉེན་ཁའི་དོ་དམ》 《སྤྱི་ཚོགས་ཀྱི་སྟོབས་ཤུགས་གེགས་སེལ་ནང་ཞུགས་པ》སོགས་བསླབ་བྱ22བཀོད་སྒྲིག་བྱས་པ་དང་།  ཐེངས་གཉིས་པའི་ཆེད་དོན་དྲ་རྒྱའི་འཛིན་གྲྭའི་བསླབ་བྱ་ཚང་མ་ཆུ་ཚོད24ཡིན་པ་དང་གསོ་སྦྱོང་ལ་ཞུགས་མཁན་གྱིས་ངེས་པར་དུ་དུས་ཚོད24ནང་དྲ་ཐོག་བསླབ་བྱ་སློབ་སྦྱོང་ལས་འགན་ལེགས་སྒྲུབ་བྱེད་དགོས་པར་གཏན་ཁེལ་བྱས་ཡོད། ཆེད་དོན་དྲ་ཐོག་འཛིན་གྲྭའི་སློབ་སྦྱོང་མཇུག་མ་སྒྲིལ་གོང་། གསོ་སྦྱོང་ལ་ཞུགས་མཁན་ཚང་མས་ངེས་པར་དུ་མཚོ་སྔོན་ལས་བྱེད་པའི་དྲ་སྦྲེལ་སློབ་གླིང་གི་དྲ་རྒྱའི་སྟེགས་བུ་ནས་སློབ་སྦྱོང་གི་ཕན་འབྲས་ཐོན་ཡོད་མེད་ཞིབ་དཔྱད་ཚད་ལེན་བྱེད་དགོས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུས་ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོའི་དྲིས་ལན་འདེབས་པའི་གྲུབ་འབྲས་དེ་གསོ་སྦྱོང་ལ་ཞུགས་མཁན་གྱི་ལོ་འདིའི་ནང་སློབ་སྦྱོང་གི་ཕན་འབྲས་ལ་གདེང་འཇོག་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས་ལོ་འཁོར་གྱི་དམིགས་ཚད་དཔྱད་ཞིབ་དང་ཟུང་འབྲེལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།