མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་ཐེངས་བདུན་པའི་བྱ་བ་སྤེལ་འགོ་བརྩམས། ​

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས23ཉིན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་ཐེངས་བདུན་པའི་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་པ་དེ་ལས་རེས་སྐོར་གསར་པའི་སྐོར་ཞིབ་བྱ་བ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་མཚོན་ཡོད།  ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་རེས་སྐོར་དྲུག་པའི་སྐོར་ཞིབ་གནས་ཚུལ་གྱི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གི་དབང་བཅོལ་ལས་འགན་འཁུར་བ་དང་ལས་འགན་ཁག་བགོས་ཀྱི་གཏན་འབེབས་ཁྱབ་བསྒྲགས་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཐིན་ཅཱ་ཚའེ་ཡིས་སྐུལ་སློང་གཏམ་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཡུས་ཡན་གྱིས་ཚོགས་འདུར་འགོ་འཛིན་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན།  སྐོར་ཞིབ་བྱ་བའི་ཕྱོགས་སྟོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།  ཆབ་སྲིད་སྐོར་ཞིབ་ཀྱི་འགན་ནུས་ངེས་གནས་བརྟན་སྲུང་བྱེད་པ།  “སྲུང་སྐྱོང་གཉིས”ཀྱི་རྩ་བའི་ལས་འགན་མངོན་གསལ་དོད་པོ་ཡོང་བར་བྱེད་པ།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པའི་གནས་ཚུལ་ཨང་དང་པོར་འཇོག་པ།  སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁྲི་དང་ལས་འགན་ལ་དམིགས་པ་བཅས་བྱེད་དགོས།  འགག་རྩའི་ཉུང་ཤས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ།   ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས།  སྲིང་ཇུས།  ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པ་དང་།  ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ།  དུས་རབས་གསར་བའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་དོན་འཁྱོལ་བྱེད་པ།  སྐོར་ཞིབ་དང་རྩིས་བཤེར།  བརྗོད་བྱ་གཙོ་བོའི་སློབ་གསོ་བཅས་ཀྱི་དག་ཐེར་གནས་ཚུལ་དོན་འཁྱོལ་བྱེད་པ།  ཕྱོགས་ཡོངས་ནས་ཆབ་སྲིད་ཀྱི་གཟུགས་པོར་བརྟག་དཔྱད་བྱེད་པ་དང་།  ཆབ་སྲིད་ཀྱི་ནོར་འཛོལ་འཚོལ་ཞིབ་ནན་མོ་བྱེད་པ།  སྐོར་ཞིབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས།  མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་།  “ལོ་ལྔའི་འཆར་བཞི་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པའི་ངང་མཇུག་བསྡུ་བའི་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

རེས་སྐོར་འདིས་ཟི་ལིང་གྲོང་ཁྱེར་དང་མཁར་ནུབ་ཁུལ། ཟི་ལིང་(རྒྱལ་ཁབ་རིམ་པའི)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་།  ཞིང་ཆེན་འཕེལ་སྒྱུར་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཚན་རྩལ་ཐིན།  ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན།  ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།  ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན།  ཞིང་ཆེན་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན།  ཞིང་ཆེན་འཕྲལ་སྡོམ་ཐིན།  ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ།  ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་བཅས་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་དང་།  ཞིང་ཆེན་བསྡོམས་རྩིས་ཅུའུ་དང་ཞིང་ཆེན་མི་དམངས་མཁའ་ཟོན་གཞུང་དོན་ཁང་ལ་ཆེད་དོན་སྐོར་ཞིབ་བྱེད་རྒྱུ།  མིན་ཡོན་རྫོང་ལ“ཕྱིར་མིག་ལྟ་བའི”བྱ་བ་སྤེལ་རྒྱུ་རེད། དུས་ཚོད་ནི་ཟླ4པའི་ཟླ་སྟོད་ནས་ཟླ7པའི་ཟླ་སྟོད་བར་ཡིན།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།