སྲིད་གྲོས་རྨ་ལྷོ་ཁུལ་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས23ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པ་ཁུལ་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས། 

640.jpg    

གྲོས་ཚོགས་ལ་ངེས་པར་དུ་ཞུགས་དགོས་པའི་ཨུ་ཡོན225ཡོད་པ་དང་དངོས་སུ་ཐོན་ཡོད་པའི་ཨུ་ཡོན201ཡོད་པས་གཏན་འཁེལ་གྱི་མི་གྲངས་དང་མཐུན། བློ་མཐུན་ལིན་དཔལ་ལྡན་དང་ལྷ་སྐྱབས་རྒྱལ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། རྡོ་རྗེ་ཚེ་རིང་། ཀྲང་ཧྲི་ཆིང་། ཀླུ་རྒྱལ། ཏུའུ་ཡུང་བཅས་ཀྱིས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་འགན་བཞེས་ཤིང་། བློ་མཐུན་ལིན་དཔལ་ལྡན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

6401.jpg

   མགོ་རྩོམ་མཛད་སྒོའི་སྟེང་བློ་མཐུན་ཝང་ཀྲིན་ཁྲང་དང་ཆའོ་ཞུའེ་ཀྲི། ཀླུ་རྒྱལ་ཚེ་རིང་། ལིན་དཔལ་ལྡན། ཁུལ་ཨུའི་རྒྱུན་ཨུ་རྣམས་དང་ཁུལ་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་རྣམས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་རྣམས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྣམས་དང་དྲུང་ཆེ། རྨ་ལྷོ་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་དང་དམག་སྤྱི་གཞོན་པ། དྲག་ཆས་ཉེན་རྟོག་རྨ་ལྷོ་ཡན་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་ཡན་ལག་རུ་ཁག་གཉིས་པའི་རུ་དཔོན་གཞོན་པ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཁུལ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རིན་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

6402.jpg

བློ་མཐུན་ལྷ་སྐྱབས་རྒྱལ་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།   སྙན་ཞུའི་ནང་བསྟན་དོན།   2019ལོར་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཁུལ་སྲིད་གྲོས་རྒྱུན་ཨུ་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡོངས་ལ་དམ་པོར་དམིགས་པ་དང་མཐུན་སྒྲིལ་སྣེ་ཁྲིད་སྒོས། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་། སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་རེ་རེའི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ལ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ཏེ། མི་དམངས་སྲིད་གྲོས་ཀྱི་བསམ་བློ་ཆབ་སྲིད་སྣེ་ཁྲིད་དང་། བཅོས་སྒྱུར་གསར་གཏོད་ལག་ལེན། འགན་སྒྲུབ་ནུས་པ་མཐོར་འདེགས་སོགས་ཀྱི་ཤུགས་ཚད་ཇེ་དྲག་ཏུ་གཏོང་བའི་ཐད་ནས། སྲིད་གྲོས་ཨུ་ཡོན་དང་། རིགས་སོ་སོ་དང་ལས་རིགས་ཁག་གི་མི་སྣའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཞིང་། “ཁུལ་གསུམ་འཛུགས་སྐྲུན”ལ་སྤུས་ཚད་མཐོན་པོའི་སྒོ་ནས་སྐུལ་འདེད་གཏོང་བར་སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་མཐར། སྤྱི་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་ལ་དམིགས་ཏེ་སྲིད་གླེང་ཇུས་འདོན་གྱི་ཆུ་ཚད་མཐོར་འདེགས་བྱུང་ཞིང་།  མི་དམངས་སྲིད་གྲོས་ཀྱི་ལས་དོན་ལའང་འཕེལ་རྒྱས་གསར་པ་བྱུང་ཡོད། སྙན་ཞུའི་ནང་། སྲིད་གྲོས་ལས་དོན་གྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་གཏོང་གི་སྤྱིའི་བླང་བྱར་དམིགས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོར་འདེགས་དང་བསམ་བློའི་ཁྲིད་སྟོན་འབུར་དུ་བཏོད་པའི་ཕྱོགས་ནས་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་བ་དང་།  དངོས་གཉེར་གྱི་ཆེད་དོན་གྲོས་མོལ་བྱས་ནས་སྲིད་ཞུགས་སྲིད་གླེང་གི་ཐད་ནས་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་བ། གླེང་ཆ་ཆེ་བའི་དཀའ་གནད་ལ་དམ་པོར་དམིགས་ཏེ་དམངས་གཙོའི་ལྟ་སྐུལ་གཏིང་ཟབ་ཏུ་གཏོང་བའི་ཐད་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་བ།  དམངས་གཙོའི་ཁོར་ཡུག་བསྐྲུན་ནས་མཐུན་སྒྲིལ་དང་མཐུན་འབྲེལ་རྒྱ་ཁྱབ་ལེགས་པོ་བྱེད་པའི་ཐད་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་བ།  སྒྲིག་ཁྲིམས་བརྩི་སྲུང་ནན་པོ་བྱས་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཐད་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་བ་བཅས་ཕྱོགས་ལྔ་ནས་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2020ལོའི་ལས་འགན་བཀོད་སྒྲིག་བྱས་ཡོད།    

6403.jpg

བློ་མཐུན་ཀླུ་རྒྱལ་གྱིས་ཚོགས་ཆེན་སྟེང་སྲིད་གྲོས་རྨ་ལྷོ་ཁུལ་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བ་འཚོགས་ཚུན་གྱི་ཁུལ་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་སྙན་ཞུ་ཕུལ། སྙན་ཞུའི་ནང་སྲིད་གྲོས་རྨ་ལྷོ་ཁུལ་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་བ་འཚོགས་ཚུན་དུ།  རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་གྲོས་གཞི་ཡག་པོ་འདོན་རྒྱུ་དེ་འགན་འཁྲི་སྒྲུབ་པའི་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་ཤིང་འཕེལ་རྒྱས་བརྟན་ལྷིང་དང་དབུལ་ཐར་མཁྲེགས་གཏོར། རྨང་གཞིའི་སྒྲིག་བཀོད། དམངས་ཚིས།  སྤྱི་ཚོགས་འགན་སྲུང་སོགས་ཀྱི་གནད་དོན་མང་པོར་དམིགས་ཏེ། སྲིད་དོན་ལ་ཇུས་འདོན་དང་ངོས་འཛིན་གཅིག་མཐུན་ཡོང་བ་མཐའ་འཁྱོངས་བྱས་ནས། རྨ་ལྷོའི“ཁུལ་གསུམ་འཛུགས་སྐྲུན”ལ་སྲིད་གྲོས་ཀྱི་ནུས་ཤུགས་ཡོད་ཚད་ཕུལ་ཡོད་ཅེས་བསྟན།   

6404.jpg

2019ལོར་བསྡོམས་པས་ཨུ་ཡོན222(ཐེངས)ཀྱིས་གྲོས་གཞི105བཏོན་པ་ལས་གྲོས་གཞི་རིགས་འདྲ་བ་དག་གཅིག་ཏུ་བསྡུས་མཐར་དོན་དངོས་སུ་གྲོས་གཞི79བྱུང་ཡོད་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི54ཐོ་འགོད་བྱས་ཤིང་། གྲོས་གཞི་ཐོ་འགོད་བྱེད་ཚད68.4%ཟིན་པ་དང་། གྲོས་གཞི་ཐག་གཅོད་བྱེད་ཚད79.6%ཟིན་ལ་ཕྱིར་ལན་སློག་ཚད100%ཟིན་ཡོད། 

6406.jpg

    སྙན་ཞུའི་ནང་སྲོལ་ཡིག་དང་ལམ་ལུགས་ལ་བརྟེན་ནས་གྲོས་གཞིའི་ལས་དོན་ཚད་ལྡན་དང་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་གྲོས་གཞི་སྤྱི་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་གང་ཐུབ་བྱས་པ། གྲོས་གཞི་ཞིབ་བཤེར་ལས་དོན་ལ་ཤུགས་བསྣན་ཏེ་གྲོས་གཞི་ཞིབ་བཤེར་གྱི་འགག་སྒོ་དམ་སྲུང་བྱས་པ།   ལྟ་སྐུལ་སྤྱི་འདོམས་ལས་དོན་དམ་འཛིན་ཤུགས་ཆེན་བྱས་ནས་གྲོས་གཞི་སྒྲུབ་པའི་ཕན་འབྲས་ཇེ་ཆེར་བཏང་བ་སོགས་ལོ་གཅིག་རིང་གི་གྲོས་གཞིའི་ལས་དོན་གྱི་བྱ་ཐབས་གཙོ་བོ་དང་གཞི་རྩའི་ཉམས་མྱོང་སྤྱི་བསྡོམས་བྱས་ཡོད།     2020ལོའི་གྲོས་གཞིའི་ལས་དོན་ཐད། འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་སྤུས་ཚད་ཇེ་མཐོ་གཏོང་བ།    བྱ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སོགས་ཀྱི་གྲོས་མགོ་བཏོན་པ་མ་ཟད་བྱེ་བྲག་གི་བཀོད་སྒྲིག་ཀྱང་བྱས། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།