ལིག་ཉིང་གིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་གྲོས་ཚོགས་དང་ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་བཅོ་ལྔ་བ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་གིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་གྲོས་ཚོགས་དང་ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་བཅོ་ལྔ་བ་བསྡུས་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། དོ་དམ་དང་སེམས་ཁུར་ནན་མོ་བྱེད་པ་དང་། སྔོན་འགོག་དང་ཞིབ་བཤེར་ནན་མོ་བྱེད་པ། འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ་དང་བྱ་དགའ་སྟེར་བ། རིམས་ནད་འགོག་སྡོམ་བྱེད་པར་དམ་འཛིན་བྱེད་པ། རྒྱལ་ཁབ་ཕྱིའི་རིམས་ནད་རྒྱལ་ནང་དུ་ཁྱབ་པའི་ཉེན་ཁ་བཀག་འགོག་བྱས་ཏེ། རིམས་ནད་འགོག་སྡོམ་ཐད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་དང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱས་མཐར། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་སྡོམ་གནས་བབ་རྒྱུན་མཐུད་དུ་ཇེ་ལེགས་སུ་སོང་བ་དང་། ཐོན་སྐྱེད་འཚོ་བ་སླར་གསོ་བྱས་ལ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས། དེ་དང་མཉམ་དུ། རིམས་ནད་འགོག་སྡོམ་གྱི་གནས་བབ་ལ་འགྱུར་ལྡོག་གསར་བ་བྱུང་བ་དང་། རིམས་ནད་རྒྱལ་ཁབ་ཕྱི་ནས་རང་རྒྱལ་དུ་ཁྱབ་པའི་ཉེན་ཁ་ཇེ་ཆེར་སོང་ནས། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་སྡོམ་ཐད་འགྲན་རྩོད་གསར་བར་འཕྲད་ཡོད། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་འགོག་སྡོམ་བྱ་བའི་དུས་རིམ་རང་བཞིན་གྱི་འགྱུར་ལྡོག་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། རིམས་ནད་རྒྱལ་ཁབ་ཕྱི་ནས་རྒྱལ་ནང་དུ་ཁྱབ་པར་སྔོན་འགོག་བྱེད་རྒྱུ་ནི་རིམས་ནད་ཟློག་རིམ་ཅུང་དམའ་བའི་འོག་གི་ཚད་གཞི་མཐོ་བའི་འགོག་སྡོམ་དང་། ཕྱི་རྒྱལ་ནས་ཕྱིར་མཚོ་སྔོན་དུ་ཡོང་བའི་དམིགས་བསལ་མི་ཚོགས་ཐད་ཀྱི་འགོག་སྡོམ། ཆ་འཕྲིན་ཆ་མི་འགྲིག་པའི་གནས་ཚུལ་འོག་གི་འགོག་སྡོམ། དུས་ཡུན་རིང་བོའི་འགོག་སྡོམ་གནས་ཚུལ་འོག་གི་ཡང་བསྐྱར་གྱི་འགོག་སྡོམ་བཅས་ཡིན་པར་ངོས་འཛིན་གང་ལེགས་བྱེད་དགོས། ས་བབ་དང་བསྟུན་ནས་རིམས་ནད་འགོག་སྡོམ་གྱི་ཇུས་ཆོད་དང་བྱེད་ཐབས་ལེགས་སྒྲིག་བྱེད་པ་དང་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་འགོག་སྡོམ་ཐད་ཀྱི་དཀའ་གནད་ཁྱད་སེལ་བྱེད་པ། ཉམས་ཆུང་གི་སྣང་ཚུལ་ཁྱད་སེལ་བྱེད་པ། ཇེ་དམའ་རུ་གཏོང་མི་རུང་བའི་རེ་བ་ལྟར། རྒྱུན་མཐུད་ངང་རིམས་ནད་རྒྱལ་ཁབ་ཕྱི་ནས་རྒྱལ་ནང་དུ་ཁྱབ་པའི་ཉེན་ཁ་སྔོན་འགོག་བྱེད་པའི་འཐབ་རྩོད་ཁྲོད་ཞུགས་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་དང་ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན། ཀྲང་ལིས་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།