རྒན་པའི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་གྱི་ལོ་ཚད་དེ་ལོ60ནས་ལོ50བར་འཐེན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་གྱི་རྒན་པའི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་གྱི་ལོ་ཚད་དེ་ལོ60ནས་ལོ50བར་འཐེན་ནས། ལོ50ཡན་གྱི་རྒན་པའི་ཚེ་མཇུག་གི་འཚོ་བ་འགན་ལེན་མང་དུ་བཏང་ཡོད། ཟླ3ཚེས17ཉིན་ནས་བཟུང་། 2020ལོའི་རྒན་པའི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་བའི་ལས་དོན་དེ་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཁུལ་གྱི་ཞིན་ཧྲི་ཅི་སྡེ་ཁུལ་དུ་སྤེལ་འགོ་ཚུགས། 

 གསར་འགོད་པས་སྡེ་ཁུལ་སོ་སོ་ནས་ཤེས་རྟོགས་བྱས་པ་ལྟར་ན། རྒན་པའི་བསམ་ཡུལ་ལས་འདས་པའི་ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་གཏོང་བ་དང་། རྒན་པའི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བྱེད་པ། རྒན་པའི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་པ། རྒན་རྒོན་གྱི་ཁེ་དབང་འགན་ལེན་བཅས་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྐོར་གསར་པའི་རྒན་པའི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་བའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད། སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ལོ60ཡན་གྱི་རྒན་པ་མི་རེར་སྒོར10དང་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་པ་མི་རེར་སྒོར30ཁ་གསབ་སྤྲད། ཞིང་ཆེན་དམངས་སྲིད་ཐིང་གིས་མཐུན་སྦྱོར་བྱས་པ་བརྒྱུད2020ལོར་འགན་བཅོལ་ནང་ཞུགས་སྐབས་འགན་བཅོལ་གྲོན་དངུལ་མ་འཕར་བའི་གནས་ཚུལ་འོག་འགན་བཅོལ་ནང་ཞུགས་པའི་ལོ་ཚད་དེ་ལོ50ཡན་བར་རིང་དུ་བཏང་བ་དང་། ལོ50ནས་ལོ59བར་གྱི་མི་སྣ་འགན་བཅོལ་ནང་ཞུགས་སྐབས་སྲིད་གཞུང་གི་ཁ་གསབ་སྒོར10ལོངས་སྤྱོད་བྱ་རྒྱུ་མེད། དེ་ནི་མཚོ་སྔོན་གྱིས་གསར་གཏོད་དང་རྒྱལ་ཡོངས་ཀྱིས་ཐོག་མ་ཡིན་ལ། རྒན་པའི་དགའ་བསུ་ཐོབ་པའི་འགན་བཅོལ་ལམ་ལུགས་ཀྱི་བྱེད་སྟངས་ཤིག་རེད། ལམ་ལུགས་དེས་མཚོ་སྔོན་གྱི་རྒན་པ་ཚོའི་ཚེ་མཇུག་གི་འཚོ་བ་འགན་ལེན་གཅིག་མང་དུ་བཏང་ཡོད། 

ཞིན་ཧྲི་ཅི་སྡེ་ཁུལ་གྱི་འགན་འཁུར་བས་ཁོང་ཚོའི་ཁོངས་གཏོགས་ཁུལ་དུ་མིག་སྔར་ལ50ཡན་གྱི་མི3000ལྷག་ཙམ་ཡོད་པ་དང་། ཐེམ་ཐོ་རང་ཞིང་ཆེན་ཡིན་པའི་རྒྱུན་སྡོད་རྒན་པ་ཚང་མར་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་གྱི་ཆ་རྐྱེན་དང་མཐུན་ཡོད་ཅེས་བཤད། 

འགན་བཅོལ་ནང་ཞུགས་པའི་རྒན་པོས་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་གྱི་སྐྱིན་ཚབ་རེ་ཞུ་ཞུ་བར་སྤྱིར་བཏང་གཤམ་གསལ་གྱི་གོ་རིམ་བརྒྱུད་དགོས་ཏེ་གྱོད་དོན་སྙན་སེང་ཞུ་བ། བདག་སྤྲོད་བྱེད་པ། ཞིབ་བཤེར་བྱེད་པ། སྐྱིན་ཚབ་འཇལ་བ་བཅས་ཡིན།  

སྐྱིན་ཚབ་རེ་ཞུ་ཞུ་སྐབས་དགོས་མཁོར་གཞིགས་ནས་གཤམ་གསལ་གྱི་་ཡིག་ཆ་འདོན་སྤྲོད་བྱ་དགོས་ཏེ། སྐྱིན་ཚབ་རེ་ཞུ་ཡི་གེ ཉེན་འགོག་འགན་ལེན་མི་སྣའི་ཐོབ་ཐང་ལག་ཁྱེར་དཔར་མའམ་ཐེམ་ཐོའི་དཔང་ཡིག ཕན་ཆ་ཐོབ་མཁན་ནམ་ཁྲིམས་བཀོད་ཤུལ་འཛིན་པའི་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དང་ཉེན་འགོག་འགན་ལེན་མི་སྣའི་འབྲེལ་བའི་དཔང་ཡིག སྨན་བཅོས་འགྲོ་གྲོན་གྱི་འཛིན་ཤོག་གི་མ་ཡིག སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་གྱི་རྩིས་ཁྲ། ནད་ཐོའི་མ་ཡིག སྨན་ཁང་ནས་བུད་པའི་སྡོན་རྩིས། དབང་པོ་སྐྱོན་ཅན་གྱི་གསལ་འབྱེད་སྙན་ཞུ། གྲོང་མིའི་གསོ་རིག་གི་ཚེ་ལས་འདས་པའི་དཔང་ཡིག ཐེམ་ཐོ་ཐོ་ཁོངས་ནས་བསུབ་པའི་དཔང་ཡིག མེར་བསྲེགས་པའི་དཔང་ཡིག རེ་འདུན་ཞུ་མཁན་གྱི་དངུལ་ཁང་རྩིས་ཨང་གི་དཔར་མ་སོགས་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།