ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་ཡིས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ལ་རྣམ་པ་བཟང་པོ་བཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། གཞུང་ལུགས་གླེང་ཕྱོགས་དང་། དྲ་ཐོག་དྲ་ཕྱི། རིག་རྩལ་རིག་གནས། དཔེ་སྐྲུན་པར་འདེབས། བསམ་པའི་དཔལ་ཡོན་དང་སྤྱི་ཚོགས་ཚན་རིག་སོགས་སུ་ཁྱབ་གདལ་གཏོང་རྒྱུར་གཅིག་འདོམས་ཀྱི་ཞིབ་ཕྲའི་བྱ་ཐབས་དང་འགན་འཁྲིའི་ལས་བགོས་ཁ་གསལ་བཟོས་ཏེ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་ཆེད་སྤྱི་ཚོགས་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། 

གསར་འགྱུར་དྲིལ་བསྒྲགས་ཀྱིས་ཁྲིད་སྟོན་བྱས་ཡོད་དེ། ས་གནས་སོ་སོ་དང་སྡེ་ཚན་སོ་སོས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བའི་བྱེད་སྒོ་གཙོ་བོ་དང་། ཉམས་མྱོང་དང་བྱ་ཐབས་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ཚགས་པར་དང་། བརྙན་གཟུགས། དྲ་སྣེ། དཔོད་ཆུང་བཅས་མཉམ་འབྲེལ་མཉམ་འགུལ་གྱི་ཕན་འབྲས་དྲིལ་བསྒྲགས་རྣམ་པ་ཆགས་ཡོད། དེ་དང་ཆབས་ཅིག་གླེང་ཕྱོགས་ཀྱི་ལྟ་སྐུལ་ལས་དོན་སྤེལ་ནས་ལས་དོན་ཡག་པོ་མི་སྒྲུབ་པའི་སྣང་ཚུལ་དུས་ཐོག་ཏུ་ཐེར་འདོན་བྱས་ནས་དཔེ་མཚོན་ཅན་གྱིས་དཔེ་སྟོན་སྣེ་ཁྲིད་བྱས་ཡོད། གྲོང་ཁྱེར་དང་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ་དང་མཉམ་དུ་འཆར་གཞི་ཡོད་པ་དང་། གོ་རིམ་ལྡན་པ། གཙོ་གནད་ཡོད་པའི་སྒོ་ནས་སྔོན་ཐོན་དཔེ་བཟང་ཁག་གཅིག་བདམས་ཏེ་དཔེ་མཚོན་ཅན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། “སློབ་སྦྱོང་རྒྱལ་ཆེན”ལས་སྟེགས་སྤྱད་དེ་འཕྲོད་བསྟེན་གྱི་རྒྱུན་ཤེས་ཁྱབ་གདལ་གཏོང་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་བཏང་ནས་མི་སེར་ལ་སྒྲོག་འགྲེལ་བྱས་ཡོད། 《“རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ”གྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་ལས་དོན་གཏིང་ཟབ་སྤེལ་བའི་ཇུས་གཞི》བཟོས་ནས་སྒྲོག་འགྲེལ་དཔུང་ཁག་སྣ་ཚོགས་ཀྱིས《འགོས་ནད་འགོག་བཅོས་བཅས་ཁྲིམས》དང《ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་སྲོལ་ཡིག》དང་འཕྲོད་བསྟེན་བདེ་ཐང་གི་ཤེས་བྱ་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱ་རྒྱུར་མཛུབ་ཁྲིད་བྱས་ནས་ཡ་རབས་སྲོལ་གསར་ལ་སྐུལ་ཁྲིད་བྱས་ཡོད། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་བླང་བྱ་ཞིབ་ཕྲ་དང་ཚད་གཞི་དེ་ཡ་རབས་གྲོང་ཁྱེར་དང་། ཡ་རབས་གྲོང་རྡལ། ཡ་རབས་སྡེ་ཁག ཡ་རབས་ཁྱིམ་ཚང་། ཡ་རབས་སློབ་གྲྭ། “སྐར་ལྔའི་རིམ་པའི་ཡ་རབས་ཁྱིམ་ཚང”བཅས་གསར་འཛུགས་དང་གདེང་འཇོག་མ་ལག་ཏུ་འདྲེས་པར་བྱ་དགོས། “ཡ་རབས་ཀྱི་གསོལ་སྒྲོམ”བྱ་འགུལ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་རི་སྐྱེས་སྲོག་ཆགས་མི་ཉོ་མི་བཟའ་བ་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ནས་རིག་རྩལ་དྲིལ་བསྒྲགས་ལ་ཤུགས་རྒྱབ་ཡོད། བརྗོད་དོན་གསལ་ལ་དོན་དངོས་དང་མཐུན་པ། སྒྲོག་སྤེལ་སླ་བའི་མང་ཚོགས་ཀྱིས་རིམས་ནད་འགོག་སྲུང་དང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ནང་ཧུར་ཐག་ཞུགས་པའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་ཁག་ཅིག་རྩོམ་བཟོ་བྱས་ནས་རྒྱུན་ཤེས་ཁྱབ་སྤེལ་སེམས་ལ་བརྟན་པོར་ངེས་པ་བྱས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།