ཝང་ཅན་ཅུན་གྱིས་མཚོ་ནུབ་ཁུལ་དུ་བརྟག་ཞིབ་གནང་སྐབས་གཅིག་གྱུར་དང་ཁག་དབྱེ་ཟུང་འབྲེལ་གྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་སློབ་འགོ་འཛུགས་པ་བཅས་ཀྱི་བྱ་གཞག་བཟང་པོ་སྒྲུབ་དགོས་པར་བསྟན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས18ནས19ཉིན་བར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་། གཅིག་གྱུར་དང་ཁ་འགྲེམས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་དམ་འཛིན་བཟང་པོ་བྱེད་པ་བཅས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་འགན་ལེན་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་ཐུབ་པར་འགན་ལེན་བྱེད་དགོས་པར་ནན་གྱིས་བསྟན་པ་རེད།

ཝང་ཅན་ཅུན་འཁོར་དང་བཅས་པ་མཚོ་ནུབ་ཧྭ་ཧུའེ་རྫས་འགྱུར་བཟོ་ལས་འཕྲུལ་ཆས་ཚད་ཡོད་ཀུང་སི་དང་། ཀྲུང་འཇར་ཟས་རིགས་བརྒྱ་ཟོག་སྣ་མང་དངོས་ཟོག་སྐྱེལ་འདྲེན་ཞབས་ཞུ་ཚད་ཡོད་ཀུང་སི། ཀྲུང་ཚྭ་ཁུ་ནུ་བུལ་ཏོག་ལས་རིགས་ཚད་ཡོད་ཀུང་སི། མཚོ་སྔོན་རྒྱལ་རྩྭ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་ནུས་རྒྱུ་གཙང་མ་བེད་སྤྱོད་འགྲེམས་སྟོན་ཁང་། གཏེར་ལེན་ཁ་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་འོད་དྲོད་རྟེན་གཞི། པོ་ཧྲུའུ་ཧྲན་གྲོང་གསར་དང་ཤིན་ཆི་འདེབས་འཛུགས་དཔེ་སྟོན་གླིང་ཁུལ་གྱི་ཆེད་ལས་མཉམ་ལས་ཁང་། ཐོན་སྐྱེད་འཁོར་ཁང་དང་། ཞིང་ཁ། དཀའ་ངལ་ཡོད་པའི་མང་ཚོགས་བཅས་ཀྱི་ཁྱིམ་དུ་བསྐྱོད་ནས་ལས་འགོ་བསྐྱར་འཛུགས་ཀྱི་སྲིད་ཇུས་དོན་འཁྱོལ་ལ་རྒྱབ་སྐྱོར་དང་། བཟོ་བ་ལས་གནས་སུ་ཞུགས་པ། ཁེ་ལས་ཐོན་སྐྱེད་གཉེར་སྐྱོང་། ཚོང་དོན་འཁོར་རྒྱུག ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ཞིབ་ཕྲའི་རྟོགས་ཞིབ་གནང་བ་དང་། དབུལ་ཐར་འགག་སྒྲོལ་སྲ་བརྟན་མཐོ་རུ་གཏོང་བའི་ཕན་འབྲས་ལ་གཟིགས་ཞིབ་གནང་བ་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བཅས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་སྤྱི་འདོམས་བཟང་པོ་གནང་བ་རེད།

ཝང་ཅན་ཅུན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་གཅིག་གྱུར་དང་ཁ་འགྲེམས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཅིག་གྱུར་དང་ཁག་བགོས་ཀྱི་བྱ་ཐབས་སྤྱད་དེ་གཅིག་གྱུར་དང་ཁག་བགོས་ཀྱི་ལས་དོན་བཟང་པོ་བསྒྲུབ་དགོས་པར་བསྟན་ལ། “གཅིག་གྱུར་”གྱི་འགན་འཁྲི་དེ་ཏང་ཨུ་དང་སྲིད་གཞུང་ལ་ཡོད་པས་སྲིད་ཇུས་གཅིག་གྱུར་དང་། འགོ་ཁྲིད་གཅིག་གྱུར། བཀོད་འདོམས་གཅིག་གྱུར། བཀོད་གཏོང་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་བབ་བསྟུན་ཇུས་འདོན་བྱས་ཏེ་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བཟང་པོ་བྱེད་དགོས་པ།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་དང་ཁ་གསབ་གཏན་འབེབས་ལག་བསྟར་བཟང་པོ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཔྱིད་དུས་སློབ་འགོ་འཛུགས་སྐབས་ཀྱི“འགན་འཁྲི་ལྔ”ནན་དུ་གཏོང་བ་དང་། “གཟིགས་སྐྱོང་གསུམ”ཐུབ་པ། “རོགས་ལས་གསུམ”གྱི་ལས་ཀའི་བླང་བྱ་དོན་འཁྱོལ་བཟང་པོ་བྱེད་པ། གཅིག་གྱུར་གྱི་འགན་འཁྲི་འཁུར་བ་བཅས་བྱེད་དགོས་པར་བསྟན་ལ། “བགོ་དབྱེའི”འགན་འཁྲི་དེ་གླིང་ཁུལ་དང་། ཁེ་ལས། སློབ་གྲྭ ཁྱིམ་བདག་བཅས་ལ་ཡོད་པ་དང་། ཁུལ་དབྱེ་ནས་ཐོན་སྐྱེད་སྒྲིག་འཛུགས་དང་། རིམ་པ་དབྱེ་ནས་དོ་དམ་ལ་ཤུགས་སྣོན། རིམ་པ་དབྱེ་ནས་སློབ་ཁྲིད་བྱེད་པ། ཚན་རིག་དང་མཐུན་པའི་འཛིན་གྲྭ་འཛུགས་པ། དུས་བགོས་ནས་བཟང་བཏུང་བཀོད་སྒྲིག་བཅས་བྱེད་དགོས་པ་དང་། གླིང་ཁུལ་དང་། ཁེ་ལས། སློབ་གྲྭ ཁྱིམ་བདག་བཅས་ཚང་མས་རང་གནས་རང་འཛིན་དང་། གོ་རིམ་ལྡན་པའི་ངང་ཐོན་སྐྱེད་འཕེལ་རྒྱས། རྒྱུན་ལྡན་གྱི་སློབ་ཁྲིད་འགན་ལེན་བཅས་བྱས་ནས་ཁག་བགོས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། གཅིག་གྱུར་དང་ཁག་བགོས་ཀྱི་འབྲེལ་བ་རྩོད་སྒྲུབ་ཀྱི་སྒོ་ནས་ཐག་གཅོད་བཟང་པོ་བྱེད་པ་དང་། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ཐུབ་བྱེད་པ། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མས་རང་འགན་གཙང་སྒྲུབ་བྱེད་པ་བཅས་བྱས་ཏེ་རང་འགན་རང་འཁུར་དང་། རང་འགན་གཙང་སྒྲུབ། རང་ནུས་གང་ཡོད་འདོན་པ་བཅས་བྱེད་དགོས་པ་མ་ཟད། ཕྱོགས་གཅིག་ལ་བསམ་བློ་གཏོང་བ་དང་། ཕྱོགས་གཅིག་ཏུ་ཤུགས་རྒྱག་པ། རྡོག་རྩ་གཅིག་ཏུ་སྒྲིལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པ་བཅས་ལ་རྒྱལ་ཁ་ལེན་དགོས་པར་བསྟན།

ཝང་ཅན་ཅུན་གྱིས་ད་ལོ་ནི་དབུལ་ཐར་འགག་སྒྲོལ་བྱ་གཞག་རྩིས་སྤྲོད་པའི་ལོ་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་“དམག་བཀའ་ཁུར་ལེན་ཞུ་ཡིག་”བློ་ལ་བརྟན་པོར་ངེས་པ་དང་། “ལྡོག་རྩིས་དུས་འདོན”དམ་པོར་འཛིན་པ། “འཐབ་འཛིང་ཇུས་གཞི”ནན་གྱིས་སྒྲུབ་པ། “འགན་འཁྲིའི་ཡི་གེ”འཁུར་བ་བཅས་བྱས་ནས་མཇུག་བསྡུའི་དམག་འཐབ་ཀྱི་སྤྱིའི་ཕར་རྒོལ་ལ་སྟོབས་ཤུགས་ཆེ་ཤོས་འབུལ་བ་དང་། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། དབུལ་ཐར་གྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན་པ་མ་ཟད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་བསྡུར་ནས་རྒྱལ་ཁར་ཕུ་ཐག་གཅོད་པའི་གཡུལ་སའི་སྟེང་མིག་སྔར་དང་མ་འོངས་པར་གཞི་འཛུགས་པ། དངོས་པོ་དང་སྙིང་སྟོབས་ལ་དམིགས་པ། ནང་ཤུགས་དང་ཕྱི་ཤུགས་བེད་སྤྱོད་བཟང་པོ་བྱེད་པ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། སྤྱོད་ཚུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཚད་དང་ལྡན་པའི་དྲིས་ལན་གདབ་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།