མཚོ་སྔོན་ཞིང་ཆེན་གྱི་རོགས་སྐྱོར་སྨན་བཅོས་རུ་ཁག་དང་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་བརྒྱུད་འདྲེན་རུ་ཁག་རྒྱལ་ཁའི་ངང་ཕྱིར་ལོག་པ།

༢.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3ཚེས19ཉིན་གྱི་ཕྱི་དྲོར། མཚོ་སྔོན་གྱིས་ཧུའུ་པེར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་དང་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་རོགས་སྐྱོབ་བརྒྱུད་འདྲེན་རུ་ཁག་གིས་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་ནས་མཚོ་སྔོན་དུ་ཕྱིར་ལོག་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། མཚོ་སྔོན་ཞིང་ཆེན་རིམས་འགོག་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཝང་ཅན་ཅུན་གནམ་གྲུ་ཐང་དུ་ཕེབས་ནས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་རྒྱལ་ཁའི་ངང་ཕྱིར་ལོག་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཡུས་ཚུང་ལི་དང་ཁོང་ཡུང་གཉིས་ཀྱང་ཞུགས་ཡོད།

༥.jpg

ཕྱི་དྲོའི་ཆུ་ཚོད3པར། གནམ་གྲུ་ས་ཚུགས་སུ་ལྡིར་ལྡིར་དུ་གྲགས་པའི་རྔ་སྒྲ་དང་བསྟུན་ནས་སྨན་བཅོས་རུ་ཁག་གི་རུ་མི137དང་བརྒྱུད་འདྲེན་རུ་ཁག་གི་རུ་མི10ཡིས་རྒྱལ་དར་གཡུག་བཞིན་འཛེག་སྐས་ལས་མར་བབས། “རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱེད་པའི་སྨན་བཅོས་མི་སྣར་གུས་འདུད་ཞུ།”སོགས་ཀྱི་སྦྱར་ཡིག་མངོན་གསལ་དོད་པོ་ཡིན་པ་དང་ལས་དོན་མི་སྣས་ཁོང་ཚོར་མེ་ཏོག་ཕུལ་བ་རེད།

བསུ་མའི་མཛད་སྒོའི་ཐོག་མཚོ་སྔོན་གྱིས་ཧུའུ་པེར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་དང་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་མྱུར་སྐྱོབ་བརྒྱུད་འདྲེན་རུ་ཁག་གི་རུ་སྣེ་འཁྲིད་མཁན་གྱིས་ཧུའུ་པེར་རོགས་སྐྱོར་བྱས་པའི་ལས་དོན་སྙན་སེང་ཞུས། ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ཚབ་བྱས་ནས་སྨན་བཅོས་རུ་ཁག་དང་མྱུར་སྐྱོབ་བརྒྱུད་འདྲེན་རུ་ཁག་གི་རུ་མི་ཡོངས་རྒྱལ་ཁའི་ངང་ཕྱིར་ལོག་པར་དགའ་བསུ་ཞུས། ཁོང་གིས་བརྩེ་སེམས་ཟབ་མོའི་ངང་བཤད་རྒྱུར། ཐེངས་འདིའི་རིམས་ནད་ཀྱིས་མི་ཚང་མར་ཚོད་བགམ་ཐེངས་གཅིག་བྱས་པ་དང་གནོད་འཚེ་ཚབས་ཆེན་གྱི་མདུན་དུ་འགན་འཁྲི་ཡོད་མེད་ལ་བལྟས་པ་རེད། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རུ་ཁག་དང་པོ་དང་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་བརྒྱུད་འདྲེན་རུ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ཏེ། མཚོ་སྔོན་དང་ཝུའུ་ཧན། ཧུའུ་པེ་བཅས་ཀྱི་ནད་པའི་ཆེད་དུ་རང་སྲོག་བློས་བཏང་ནས་དཀའ་ངལ་དང་ཉེན་ཁར་མི་སྐྲག་ཅིང་སྐྱིད་སྡུག་མཉམ་ཁུར་སྒོས་རིམས་ནད་ལ་ཁ་གཏད་གཅོག་པའི་དཔའ་རྒོད་དུ་གྱུར་བ་རེད།  ཐེངས་འདིའི་རིམས་ནད་བརྒྱུད་ང་ཚོས་ཚེ་སྲོག་གི་རིན་ཐང་སྔར་ལས་རྟོགས་ཡོད་ལ་སྨན་པའི་རླབས་ཆེན་ཡང་དེ་བས་ཤེས་ཡོད། རླབས་ཆེན་ཡོད་ཚད་ནི་སྤྱིར་བཏང་ལས་ཐོན་པ་དང་། སྨན་པའི་བྱ་གཞག་ནི་སྤྱིར་བཏང་གི་རླབས་ཆེན་ཡིན་ལ། རླབས་ཆེན་དེ་ནི་བདེ་ཐང་དང་ཚེ་སྲོག་ལ་བཀྲིས་ཡོད།

༧.jpg

སྨན་པ་དང་ནད་གཡོག་པ་ནི་ནམ་ཡང་མིའི་རིགས་ཀྱི་བདེ་ཐང་སྲུང་བའི་ཕོ་ཉ་ཡིན་ལ་ཁོ་ཚོའི་བྱ་གཞག་ནི་བླ་ན་མེད་པ་ཞིག་ཡིན་པས་དེ་གཉིས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བར་ཆགས་ཡོད། ཐེངས་འདིའི་རིམས་ནད་བརྒྱུད། སྤྱི་ཚོགས་ཡོངས་ཀྱིས་སྨན་པ་དང་ནད་གཡོག་པར་མཐོང་ཆེན་དང་དགའ་ཞེན། གོང་བཀུར་བླ་མེད་བྱེད་དགོས། རིམས་ནད་འཇགས་རྗེས་སུ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཤིང་འཚོ་བ་གསར་པ་ནི་བདེ་ཐང་གི་འཚོ་བ་དོན་དུ་གཉེར་དགོས་ལ་བདེ་ཐང་གི་འཚོ་བ་ནི་ཆེས་མཛེས་སྡུག་ལྡན་པའི་འཚོ་བ་ཞིག་རེད། ཚེ་སྲོག་ལ་གཅེས་སྐྱོང་བྱེད་ན་ངེས་པར་དུ་སྨན་པར་གོང་བཀུར་བྱེད་དགོས། སྨན་པར་གོང་བཀུར་བྱས་ན་བདེ་སྐྱིད་ཀྱི་འཚོ་བ་ལྡན་སྲིད།  སྤྱི་ཚོགས་ཡོངས་ཀྱིས་ནད་གཡོག་པར་གཅེས་སྐྱོང་བྱེད་དགོས་ལ། ནད་གཡོག་པར་གཅེས་སྐྱོང་བྱེད་པ་ནི་སྤྱི་ཚོགས་དཔལ་ཡོན་ཅན་དུ་འགྱུར་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྨན་བཅོས་མི་སྣར་རྒྱུན་རྣམ་ཅན་གྱི་ཐུགས་ཁུར་དང་གཅེས་སྐྱོང་གི་སྲིད་ཇུས་བཟོས་པ་དེ་ནི་སྨན་བཅོས་མི་སྣར་ཐོབ་སྣང་དང་སྐྱིད་སྣང་སྦྱིན་པའི་ཆེད་དུ་རེད།

༦.jpg

བསུ་མའི་མཛད་སྒོ་མཇུག་འགྲིལ་རྗེས། མཚོ་སྔོན་གྱིས་ཧུའུ་པེར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་དང་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་རོགས་སྐྱོབ་བརྒྱུད་འདྲེན་རུ་ཁག་གི་རུ་མི་ཚང་མ་རླངས་འཁོར་ནང་བསྡད་ནས་གཅིག་སྡུད་ངལ་གསོའི་གནས་སུ་བསྐྱོད། ཝང་ཅན་ཅུན་སོགས་ཞིང་ཆེན་གྱི་མགོ་ཁྲིད་ཀྱིས་ཁོ་མོ་ཚོར་སྐྱེལ་མ་བྱས། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།