ཁོང་ཡུང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཐག་གཅོད་བཀོད་འདོམས་པུའུ་ཆེད་མཁས་བློ་འདྲི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས19ཉིན་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གིས་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཆེད་མཁས་བློ་འདྲི་བཞུགས་མོལ་ཚོགས་འདུ་འགོ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གློ་ཚད་རིམས་ནད་ཀྱི་སྤྱིར་བཏང་སྔོན་འགོག་ཚོད་འཛིན་ས་ཁུལ་གྱི་ཉེན་ཁ་དཔྱད་དཔོག་གནས་ཚུལ་བརྡ་ཁྱབ་བཏང་ཞིང་། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་གསར་པ་སྔོན་འགོག་ཚོད་འཛིན་ཁུལ་གྱི་འབྲེལ་ཡོད་ལས་དོན་ལེགས་སྒྲིག་བྱ་རྒྱུའི་ཐད་ཆེད་མཁས་པའི་བསམ་འཆར་ལ་ཉན། 

ཁོང་ཡུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ལྷན། ཀྲུང་དབྱང་གློ་ཚད་རིམས་ནད་གསར་པར་ཁ་གཏད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་།  ཁུལ་དང་རིམ་པ་བགར་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱེད་པ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ཇེ་ལེགས་སུ་འགྲོ་བ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་སྲོལ་མགྱོགས་མྱུར་ངང་སླར་གསོ་བྱུང་བའི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་པར་བསྟན།

ཁོང་ཡུང་གིས་མིག་སྔར་རྒྱལ་ནང་གི་གློ་ཚད་རིམས་ནད་གསར་པ་སྔོན་འགོག་ཚོད་འཛིན་གྱི་གནས་བབ་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་པ་དང་། ཕྱི་རྒྱལ་གྱི་རིམས་ནད་ཁྱབ་ཚུལ་ཧ་ཅང་མགྱོགས་པས་མཚོ་སྔོན་ཞིང་ཆེན་དུ་ནང་འདྲེན་བྱེད་པའི་ཉེན་ཁ་ཡང་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད། ཉེན་ཁ་དམའ་བའི་ས་ཁོངས་ཡིན་པའི་ཆ་ནས་མཚོ་སྔོན་ཞིང་ཆེན་གྱིས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་རིམས་ནད་བསྐྱར་ལོག་མི་ཡོང་བ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་། གཙོ་གནད་ཚོགས་ར་དང་གཙོ་གནད་མི་སྣའི་རིམས་ནད་ལ་དོགས་ཟོན་དང་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལྟར། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་དགོས་པ་དང་། ཐོན་ཁུངས་མང་པོ་དང་ནུས་ཤུགས་ཡོད་དགུ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟེང་ལ་འདོན་པ་སོགས་ཐོན་སྐྱེད་སླར་གསོ་དང་རིམས་ནད་སྔོན་འགོག་བཅས་ཀྱི་ཐད་ཤུགས་བསྣན་ནས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ཇེ་ལེགས་སུ་གཏོང་དགོས་པར་ནན་གྱིས་བསྟན།  ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།