ཟི་ལིང་སྤྱི་བདེ་ཡིས་དམངས་ཕན་བྱ་སྤྱོད་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཐེམ་ཐོ་དོ་དམ་ཁོའོ་ཡི་ཆེད་ལས་མི་སྣས་བསྟན་དོན། ཐེམ་ཐོ་གནས་སྒྱུར་གྱི་སྲིད་ཇུས་གསར་པ་ལག་ལེན་བསྟར་བར་གཞོགས་འདེགས་བྱ་ཆེད་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་དམངས་ཕན་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད་དེ།

ཞིབ་བཤེར་ཆོག་མཆན་གྱི་དབང་ཚད་ཇེ་དམའ་རུ་བཏང་ནས་ཞིབ་བཤེར་མཆན་འགོད་ཀྱི་དུས་ཚད་ཇེ་མགྱོགས་སུ་སོང་བ། ཐེངས་འདིའི་ལེགས་སྒྲིག་བྱས་པའི་ཐེམ་ཐོ་གནས་སྤོའི་ཞིབ་མཆན་དོན་ཚན་གྱི་ཞིབ་མཆན་དབང་ཆ་ཚང་མ་སྤྱི་བདེ་མངགས་གཏོང་ཁང་དང་། ཐེམ་ཐོ་ལས་གཉེར་ཞབས་ཞུའི་ཚོམས་ཆེན་དུ་སྤྲོད་པས་ཐེམ་ཐོ་གནས་སྤོའི་ཞིབ་མཆན་དོན་ཚན་འཆན་འགོན་བྱ་བ་ཁྱོན་ཡོངས་ནས་མགྱོགས་སུ་སོང་ནས་ཞབས་ཞུའི་དོ་དམ་ལས་ཕྱོད་ཆེ་རུ་ཕྱིན་ཡོད།  

“དྲ་སྦྲེལ+རིག་ལྡན་ཐེམ་སྲིད”ཞབས་ཞུ་བཏོན་པ།  མང་ཚོགས་ཀྱིས་དྲ་སྦྲེལ་རིག་ནུས་ཐེམ་སྲིད་ཞབས་ཞུའི་ཚོམས་ཆེན་དུ་ཐེམ་ཐོའི་ལས་སྒོའི་དོན་ཚན་དྲ་ཐོག་ནས་སྔོན་མངགས་བྱེད་ཆོག་པ་དང་སྤྱི་བདེ་ལས་ཁུངས་ཀྱིས་དྲ་ཐོག་ནས་བདག་སྤྲོད་བྱས་ཏེ། མང་ཚོགས་ལ“ཁྱོན་ཡོངས་དང་དུས་ཀུན”ཀྱི་ཞབས་ཕྱི་བྱེད་ཀྱིན་ཡོད། 

ཐེངས་གཅིག་ལ་གསལ་བཤད་དང་རིམ་མང་པོས་བདག་སྤྲོད་བྱེད་པའི་ལས་ཀའི་ལམ་ལུགས་ལག་ལེན་བསྟར་བ། ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་ཐེམ་ཐོ་་གནས་སྒྱུར་གྱི་སྲིད་ཇུས་ལེགས་སྒྲིག་བྱས་རྗེས་ཐེམ་ཐོ་ཁག་གི་སྐར་ཁུང་གིས་ཐེངས་དང་པོར་ཐེམ་ཐོའི་ལས་སྒོ་སྒྲུབ་པའི་་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་གསལ་བཤད་བྱེད་ཀྱིན་ཡོད། གལ་ཏེ་མང་ཚོགས་ཀྱིས་ཐེམ་ཐོའི་སྐར་ཁུང་གི་སྲིད་ཇུས་འགྲེལ་བཤད་གསལ་པོ་མ་བྱུང་བའམ་ཡང་ན་བསམ་འཆར་མི་མཐུན་པ་བཏོན་ཚེ་ཐད་ཀར་ཡན་ལག་ཅུའུ་དང་གྲོང་ཁྱེར་ཅུའུ་ཡི་ཐེམ་ཐོའི་དོ་དམ་སྡེ་ཚན་ལ་འདུན་ཞུ་བྱས་ཆོག 

ཐེམ་ཐོ་གནས་སྒྱུར་གྱི་འགྲོ་ལུགས་སྟབས་བདེ་རུ་བཏང་བ། ཞིང་ཆེན་ནང་ཁུལ་གྱི་ཐེམ་ཁོངས་མིན་པའི་མི་ཟི་ལིང་གྲོང་ཁྱེར་དུ་གནས་སྤོས་རིགས“གཅིག་འཐུས་རྣམ་པའི”དྲ་ཐོག་ཏུ་ཐེམ་ཐོ་སྤོར་ཆོག ཐེམ་ཐོ་སྤོར་སྐབས་རེ་འདུན་ཞུ་མཁན་གྱིས་འབྲེལ་ཡོད་འགྲོ་ལུགས་ལ་བརྟེན་ནས་གནས་སྤོས་བྱ་ཡུལ་གྱི་མངགས་གཏོང་ཁང་དུ་ཐེམ་ཐོ་་གནས་སྒྱུར་གྱི་འགྲོ་ལུགས་སྒྲུབ་དགོས་པ་ལས་དེ་སྔར་ཐེམ་ཐོ་ཡོད་སའི་མངགས་གཏོང་ཁང་དུ་ཐེམ་ཐོ་སྤོ་རྒྱུའི་འགྲོ་ལུགས་སྒྲུབ་དགོས་ཀྱིན་མེད། 

ཐེམ་ཐོའི་ལས་སྒོས“ཆད་ཀྱང་བདག་སྤྲོད”ཀྱི་ཞབས་ཞུ་སྤེལ་བ། “ཆད་ཀྱང་བདག་སྤྲོད”ཀྱི་ཁོངས་གཏོགས་སུ་ཡོད་ཚེ། མང་ཚོགས་ཀྱིས་སྒྲུབ་བཞིན་པའི་ཐེམ་ཐོའི་འདུན་ཞུའི་རྣམ་གྲངས་དག་དགོས་ངེས་ཀྱི་འདུན་ཞུའི་ཡིག་ཆ་ཆ་ཚང་ཞིང་ཁྲིམས་མཐུན་ཡིན་པའི་གནས་ཚུལ་འོག འདུན་ཞུའི་ཡིག་ཆ་གཞན་དག་ཆ་ཚང་པོ་མེད་ཀྱང་འདུན་ཞུ་བྱེད་མཁན་གྱིས“ཆད་པ་ཁ་གསབ”ཀྱི་ཡིག་ཐོག་ཁས་ལེན་བྱས་རྗེས་ཐེངས་གཅིག་ལ་བདག་སྤྲོད་ཐག་གཅོད་བྱེད་དགོས། 

ཁང་སའི་གཞིས་ཆགས་ཁྲིམས་མཐུན་འགྲོ་ལུགས་མི་ལྡན་པའི་དངོས་སྡོད་མང་ཚོགས་ཀྱི་གནད་དོན་ཐག་གཅོད་པ། མང་ཚོགས་ཀྱིས་ཕུལ་བའི་འབྲེལ་ཡོད་ཁང་སའི་འགྲོ་ལུགས་དང་དངོས་སྡོད་བདེན་དཔང་ཐུབ་པའི་ཁྲལ་འཇལ་ལག་ཁྱེར་སོགས་གཞིས་ཆགས་རྒྱུ་ཆས་མངགས་གཏོང་ཁང་གི་“སྡེ་ཁུལ་ཁྱིམ་ཚང་གི་མཉམ་སྡེབ་ཐེམ་དུད”ནང་སྡོད་ཆོག 

མཉམ་སྡེབ་ཐེམ་དུད་ཀྱིས་གནས་སྤོར་གཞིས་ཆགས་བྱེད་པར་ཇེ་ཡངས་སུ་གཏོང་བ། གྲོང་ཁྱེར་རང་གི་མཉམ་སྡེབ་ཐེམ་ཐོའི(ལས་ཁུངས་ཀྱི་མཉམ་སྡེབ་ཐེམ་ཐོ་དང་། མངགས་གཏོང་ཁང་གི་མཉམ་སྡེབ་ཐེམ་དུད། སྡེ་ཁུལ་གྱི་མཉམ་སྡེབ་ཐེམ་དུད)མི་སྣའི་བཟའ་ཟླ་དང་། བུ་ཕྲུག ཕ་མ་བཅས་ཀྱིས་གཞིས་ཆགས་ཆོག་པའི་ཆོག་མཆན་སྤྲད་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།