མཚོ་བོད་ས་མཐོའི་རི་སྐྱེས་སྲོག་ཆགས་གླིང་བསྐྱར་དུ་སྒོ་ཕྱེ་བའི་མཐོང་ཐོས།

1.jpg

ཁ་བ་ཆེན་པོ་ཞིག་བབས་རྗེས་ས་མཐོའི་ཟི་ལིང་གྲོང་དུ་ཁ་བས་ཡོངས་སུ་བཀླུབས། ཚེས16ཉིན་གྱི་ཞོགས་པར། ཉི་འོད་རབ་ཏུ་འཕྲོ་སྐབས་མཚོ་བོད་ས་མཐོའི་རི་སྐྱེས་སྲོག་ཆགས་གླིང་དུ་རྒྱལ་ཁབ་རིམ་པའི་རྩ་ཆེའི་སྲོག་ཆགས་དོམ་ཁྲ་བཞི་ཡིས་སྐུ་མགྲོན་ལ་བསུ་བ་ཞུ་བཞིན་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ས་མཐོའི་རི་སྐྱེས་སྲོག་ཆགས་གླིང་ནི་ཟླ3ཚེས13ཉིན་སྒོ་ཕྱེ་བ་དང་། སྲོག་ཆགས་གླིང་གོ་རིམ་ལྡན་པའི་སྒོ་ནས་ལས་སྒོ་གཉེར་བ་དང་། ཡུལ་སྐོར་བས་བདེ་འཇགས་ལྡན་ལ་སྣང་བ་སྐྱིད་པོས་གླིང་གི་མཛེས་ལྗོངས་ལ་སྤྲོ་གསེང་ལྟ་སྐོར་བྱ་ཆེད། གླིང་གིས་ལས་གཉེར་གྱི་ཇུས་གཞི་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་སྔོན་ཇུས་སྔོན་ནས་བཟོས་ཡོད།

ཟི་ལིང་གི་གྲོང་མི་ཧྥན་ཞོལ་ཁྲེན་གྱིས་རང་གི་ལོ་གཉིས་ལ་སླེབས་པའི་བུ་མོ་ཁྲིད་དེ་སྲོག་ཆགས་གླིང་དུ་ཡུལ་སྐོར་བྱེད་པར་སླེབས་ཡོད། “རིམས་ནད་ཐོན་རིང་ཁྱིམ་དུ་ཡུན་རིང་བསྡད་པ་ཡིན། དེ་རིང་སྲོག་ཆགས་གླིང་སྒོ་ཕྱེ་བས་གཟའ་མཇུག་ཏུ་ཕྲུ་གུ་མང་བའི་དུས་ཚོད་དང་གཡོལ་ནས་འདི་གར་སྤྲོ་གསེང་དུ་ཡོང་བ་ཡིན། སྲོག་ཆགས་གླིང་གི་མཛེས་ལྗོངས་ཁུལ་མང་ཆེ་བ་ཕྱི་རོལ་གྱི་ཐང་གཤོངས་སུ་བཀོད་སྒྲིག་བྱས་ཡོད་པ་དང་། མཛེས་ལྗོངས་ཁུལ་གྱི་དུག་སེལ་བྱ་ཐབས་ཀྱང་ཧ་ཅང་ཡག་པོ་འདུག སྲོག་ཆགས་གླིང་དུ་སྤྲོ་གསེང་དུ་ཡོང་ན་ཕྲུ་གུ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་ཧྥན་ཞོལ་ཁྲེན་གྱིས་དེ་ལྟར་བཤད།

2.jpg

མཚོ་བོད་ས་མཐོའི་རི་སྐྱེས་སྲོག་ཆགས་གླིང་གི་གསོ་ཚགས་པ་དབྱིན་ཧོ་ཤིན་གྱིས་རིམས་ནད་ཐོན་རིང་། སྲོག་ཆགས་གླིང་གིས་ཉིན་ལྟར་སྲོག་ཆགས་འགྲེམས་སྟོན་ཁུལ་དང་སྤྱི་པའི་ཞབས་ཞུ་ཁུལ་གྱི་ཁྱབ་ཁོངས་ཚང་མར་དུག་སེལ་ཐེངས་མང་བྱེད་པ་དང་དུས་མཚུངས། རི་སྐྱེས་སྲོག་ཆགས་ཀྱི་བདེ་ཐང་གནས་ཚུལ་ལ་ལྟ་ཞིབ་ནན་པོ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

“ཁ་སང་ཟི་ལིང་དུ་གངས་བབས་པས་དེ་རིང་གནམ་དྭངས་ནས་མཁའ་རླུང་གཙང་མ་འདུག་ལ། དོམ་ཁྲའང་གྲུང་ཤ་དོད་པོ་འདུག”ཅེས་ཟི་ལིང་དོམ་ཁྲ་ཁང་ཚད་ཡོད་འགན་འཁྲི་ཀུང་སིའི་གཉེར་སྐྱོང་དོ་དམ་པུའི་འགན་འཁུར་བ་རུའུ་ཡུས་ཅེ་ཡིས་དེ་ལྟར་བཤད་པ་དང་། ཁོང་གིས་ཟི་ལིང་དོམ་ཁྲ་ཁང་ཟླ་1ཚེས་24ཉིན་ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་དང་མཉམ་དུ་སྒོ་བརྒྱབ་པ་རེད། རིམས་ནད་ཐོན་རིང་ང་ཚོས་དོམ་ཁྲ་འགུལ་སྐྱོད་བྱེད་སར་དུག་སེལ་ཐེངས་མང་བྱས་པ་ཡིན་ཞེས་བཤད།

3.jpg

“གསོ་ཚགས་པས་ཉིན་ལྟར་དོམ་ཁྲར་གཟུགས་པོར་ལྟ་ཞིབ་དང་ལྟ་རྟོགས་ནན་པོ་བྱེད་ཀྱི་ཡོད། སྲོག་ཆགས་གླིང་སྒོ་ཕྱེ་རྗེས། དོམ་ཁྲའི་འགྲེམས་ཁུལ་ཕྱི་རོལ་དུ་བཀོད་སྒྲིག་བྱས་པ་དང་། ཁང་པ་སོགས་རླུང་འགྲོ་ཡག་པོ་མེད་པའི་ཁུལ་དུ་འགྲེམས་སྟོན་བྱེད་རྒྱུ་བཀག་འགོག་བྱས་ཡོད། ཡུལ་སྐོར་བས་ལྟ་སྐོར་བྱེད་རིང་ཁ་རས་རྒྱག་དགོས་པ་མ་ཟད། ཡངས་ཤིང་རྒྱ་ཆེ་བའི་སར་བར་ཐག་འོས་འཚམ་བཞག་ནས་ལྟ་སྐོར་བྱེད་དགོས། གསོ་ཚགས་པ་དང་སྲོག་ཆགས་གླིང་གི་ལས་དོན་པ་གཞན་དག་དང་ཡུལ་སྐོར་བ་འབྲེལ་གཏུག་བྱེད་ཆོག་གི་མེད། དེ་འདྲ་བྱས་ན་ཡུལ་སྐོར་བའི་བདེ་འཇགས་འགན་ལེན་ཐུབ་པ་དང་འབྲེལ་དོམ་ཁྲའི་བདེ་ཐང་ལ་ཡང་འགན་ལེན་བྱེད་ཐུབ”ཅེས་རུའུ་ཡུས་ཅེས་དེ་ལྟར་ངོ་སྤྲོད་བྱས།

“གོམ་སྟབས་རྗེས་མར། སྲོག་ཆགས་གླིང་གིས་དྲ་རྒྱའི་ལས་སྟེགས་སྤྱད་ནས་དྲ་ཐོག་ནས་སྲོག་ཆགས་གླིང་སྐོར་བ་དང་རི་སྐྱེས་སྲོག་ཆགས་ཀྱི་ཚན་རིག་ཁྱབ་གདལ་སློབ་ཁྲིད་སོགས་ཀྱི་བྱེད་སྒོ་རིམ་པས་སྤེལ་ཏེ། ཚང་མས་སྲོག་ཆགས་གླིང་གི་སྲོག་ཆགས་དེ་དག་ལ་དེ་བས་རྒྱུས་མངའ་ལོན་པ་བྱ་རྒྱུ་ཡིན”ཞེས་མཚོ་བོད་ས་མཐོའི་རི་སྐྱེས་སྲོག་ཆགས་གླིང་གི་ཡོན་ཀྲང་གཞོན་པ་ཆི་ཤིན་ཀྲང་གིས་བཤད།

4.jpg

མཚོ་སྔོན་དུ་ཉིན་ཤས་བསྟུད་མར་ཏོག་གསར་གློ་ཚད་གཏན་འཁེལ་བའི་ནད་དཔེ་དང་དོགས་ཡོད་ནད་དཔེ་གཅིག་ཀྱང་ཐོན་མེད་ཅིང་། ས་མཐོའི་མང་ཚོགས་ཀྱི་འཚོ་བ་རིམ་བཞིན་རྒྱུན་གཏན་ལྟར་གྱུར་ནས་མི་རྣམས་ཀྱིས་གཅིག་མཇུག་གཉིས་མཐུད་ངང་ཁྱིམ་ནས་དོན་ཏེ་དཔྱིད་དཔལ་ལ་རོལ་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།