མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་(རྒྱ་བསྐྱེད)གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས18ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་གཞུང་དོན་ཁང་གི་ཀྲུའུ་རེན་ཡན་པའེ་ཡིས་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཚོགས་འདུ་ཐེངས་དང་པོར་གཙོ་སྐྱོང་གནང་བ་རེད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲེན་མིང་གོ་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་མོང་ཡུང་ཧྲན་ཚོགས་འདུར་ཞུགས་པ་དང་ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་དང་ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་ཚན་ཆུང་ཁག་གི་ཙུའུ་ཀྲང་གཞོན་པ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སྔར་བས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་བསྡུར་ནས་ད་ལོའི་གཙོ་གནད་ལས་དོན་ལ་དམིགས་ཏེ་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཞན་ཆ་གསབ་པ། སྐྱོན་ཆ་སེལ་བ། ཞན་ཆ་སྟོབས་ཆེར་གཏོང་བ་བཅས་ཀྱིས་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་དང་ཁྲིམས་ལྟར་བཅོས་སྐྱོང་ནུས་པ་སྔར་བས་གནད་དུ་ཁེལ་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་གོ་རིམ་ཁག་གི་སྟོབས་ཤུགས་ལ་བརྟེན་ནས་ཁྲིམས་ཀྱིས་མཚོ་སྔོན་སྐྱོང་བའི་ལས་འགན་ཁག་དོན་འཁྱོལ་ཞིབ་ཚགས་དང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་།

ཚོགས་འདུའི་ཐོག་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དང་མཐུན་སྦྱོར་ཚན་ཆུང་ཁག་གི་འགན་ལེན་བྱེད་ཐབས་སྔར་བས་ཏན་ཏིག་ཡོང་བ་བྱས་ཏེ་ཇུས་འདོན་ཞབས་ཞུ་དང་། གཅིག་གྱུར་མཐུན་སྦྱོར། བརྟག་དཔྱད་ཞིབ་འཇུག ལྟ་སྐུལ་དོན་འཁྱོལ་བཅས་ཀྱི་འགན་འཁྲི་ནན་ཏན་བསྒྲུབས་ནས་ཟམ་པ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཨུ་ཡོན་ལྷན་ཁང་གིས་དོན་དག་ཐག་གཅོད་དང་བཀོད་སྒྲིག་བླང་བྱར་མཐུན་སྦྱོར་སྐུལ་འདེད་བཏང་ནས་ཁྱབ་ཁོངས་ཁག་ཏུ་གྲུབ་འབྲས་ཐོན་པ་དང་ཕན་འབྲས་ཐོན་པ་བྱེད་དགོས་པར་བསྟན།

ཚོགས་འདུའི་ཐོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་ཀྱི་དུས་བབ་གསར་བ་དང་བླང་བྱ་གསར་བ་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་འབྲེལ་ཡོད་ཁྲིམས་འཛུགས་འཕེལ་རིམ་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། གཟབ་ནན་གྱིས་དྲང་གཞག་ཤེས་དཔལ་གྱི་ཁྲིམས་འཛིན་ཚད་ལྡན་ལག་བསྟར་བྱེད་པ། གྱོད་གཞི་ཞིབ་གཅོད་བྱེད་སྟངས་ཇེ་ལེགས་སུ་གཏོང་བ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་ཁྲིམས་ལྟར་འགན་ལེན་བྱེད་པ། འབྱུང་རྩ་ནས་སྔོན་འགོག་དང་། གྲལ་བཤེར་ཉེན་བརྡ། སྣ་མང་ཅན་གྱི་འགྲེལ་བཤད་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཁྲིམས་སྐྱོང་དྲིལ་བསྒྲགས་དང་སྤྱི་པའི་ཞབས་ཞུ་གཏིང་ཟབ་ཏུ་སྤེལ་བ། ཁྲིམས་ལྟར་ཚན་རིག་དང་མཐུན་ལ་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ད་ཐེངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་ཁ་གཏད་གཅོག་པའི་ཕྱོགས་བསྡུས་རང་བཞིན་གྱི་ཡིག་རྒྱུགས་ཆེ་མོ་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།