མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་དྲ་ཚིགས705ཡིས་ཕྱིར་ཚོང་སླར་གསོ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས18ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་རྒྱན་ཤོག་ལྟེ་གནས་ནས་རྒྱུས་ལོན་པ་ལྟར་ན།  མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་དྲ་བ705ཡིས་ཕྱིར་ཚོང་དང་བྱ་དགའ་བརྗེ་འགྲུལ་གནང་རྒྱུ་སླར་གསོ་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན་མཚོ་སྔོན་གྱི་ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་དྲ་བས་ཕྱིར་ཚོང་ཐད་རང་མོས་ཀྱི་རྩ་དོན་ལག་བསྟེར་བྱེད་མིན་དང་།  ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་དྲ་ཚིགས་ཀྱི་དོ་བདག་གིས་དྲ་ཚིགས་བརྒྱུད་དེ་རང་འགུལ་གྱིས་ལས་སྒོ་འབྱེད་རྒྱུ་རེ་ཞུ་བྱས་པ་དང་།  རེ་ཞུའི་ཡི་གེ་ནང་དུ་རིམས་འགོག་གི་དངོས་རྫས་དང་ལས་སྒོ་འབྱེད་རྒྱུའི་ཁག་ཐེག་ཡི་གེ་འདྲ་པར་བླངས་ཏེ་དྲ་ཐོག་ཏུ་བརྒྱུད་སྤྲོད་བྱས་ཏེ།  རིམས་ནད་སྔོན་འགོག་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས་རྗེས་ཕྱིར་ཚོང་སླར་གསོ་བྱས་ཆོག་པ་རེད།

དེ་དང་ཆབས་ཅིག་ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་དྲ་ཚིགས་བརྟན་བརླིང་ངང་གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་འཛུགས་རྒྱུར་མཛུབ་ཁྲིད་བྱ་ཆེད།  མཚོ་སྔོན་གྱི་ལུས་རྩལ་རྒྱན་ཤོག་གིས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་རྒྱན་ཤོག་ཕྱིར་ཚོང་སླར་གསོ་བྱེད་པའི་གྲ་སྒྲིག་ལས་དོན་ཁག་ཧུར་ཐག་གིས་བསྒྲུབས་ནས།  ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་དྲ་ཚིགས་ལ《ལུས་རྩལ་རྒྱན་ཤོག་ཚོང་ཁང་གི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཕྱོགས་སྟོན》སྤེལ་བ་དང་།  དྲ་ཚིགས་ཐོག《རྒྱན་ཤོག་ཉོས་པར་གནང་བའི་ལྷག་བསམ་གྱི་དྲན་སྐུལ》སྦྱར་ལ།  དྲ་ཚིགས་ཀྱི་དུག་སེལ་དངོས་རྫས་དང་ཁ་ཐུམ་སོགས་སྔོན་འགོག་ཚོད་འཛིན་དངོས་རྫས་དོན་འཁྱོལ་བྱས་པ་རེད། དེ་དང་ཆབས་ཅིག་ལས་ཞུགས་མི་སྣའི་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་སློང་བྱས་ཏེ།  ཕྱིར་ཚོང་བྱ་ཡུལ་གྱི་དུག་སེལ་གནད་འཁེལ་དང་།  ཕྱིར་ཚོང་མི་སྣའི་འགོག་སྲུང་གནད་འཁེལ།  དེ་བཞིན་རྒྱན་ཤོག་ཉོ་མཁན་དག་གི་སྔོན་འགོག་ཚོད་འཛིན་གནད་ལ་འཁེལ་རྒྱུ་བཅས་འགན་ལེན་བྱས་ནས།  གོ་རིམ་ལྡན་པའི་ངང་ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན།  ཕྱིར་ཚོང་དྲ་ཚིགས་སོ་སོ་རིམ་བཞིན་ལས་འགོ་ཚུགས་པའི་གོ་རིམ་ཁྲོད་མཚོ་སྔོན་ལུས་རྩལ་རྒྱན་ཤོག་གིས་ལས་འགོ་ཚུགས་པའི་དྲ་ཚིགས་ལ་རྒྱུན་ཆད་མེད་པར་ཞིབ་བཤེར་དང་མཛུབ་ཁྲིད་བྱས་ནས།  དྲ་ཚིགས་ཀྱི་རིམས་འགོག་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་རྒྱན་ཤོག་ཉོ་མཁན་ལ་ཞབས་ཞུ་ཡག་པོ་བསྒྲུབ་སྟེ།  ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་བརྟན་པོ་དང་གོ་རིམ་ལྡན་པ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།