མཚོ་སྔོན་གྱི་ལས་འགོ་བསྐྱར་ཚུགས་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ཁུལ་བགོས་རིམ་དབྱེ་དང་གནད་སྨིན་ཐོན་སྐྱེད་སླར་གསོ་བྱ་རྒྱུ་དོན་འཁྱོལ་བྱེད་དགོས། ཉེན་ཁ་ཆུང་བའི་ས་ཁུལ་གྱིས་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དེ་ཕྱི་འགོག་ནང་འདྲེན་ཐོག་བཟུང་ནས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱེད་དགོས་པ་དང་། ཉེན་ཁ་འབྲིང་བའི་ས་ཁུལ་གྱིས་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་གཞིགས་ནས་གོ་རིམ་ལྡན་པའི་ངང་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་དགོས། ཉེན་ཁ་ཆེ་བའི་ས་ཁུལ་གྱིས་མུ་མཐུད་དུ་སྟོབས་ཤུགས་གཅིག་སྡུད་ཀྱིས་རིམས་འགོག་ལས་དོན་དམ་འཛིན་བྱེད་དགོས། ཟླ2ཚེས23ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་འགོག་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ས་གནས་ཁག་ཏུ་ལས་འགོ་བསྐྱར་ཚུགས་བྱ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་།

ཉེ་ཆར། མི་དམངས་དྲ་བས་པའེ་ཏུའུ་ས་ཁྲ་དང་མཉམ་འབྲེལ་ཐོག རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར31གི་ལས་འགོ་བསྐྱར་ཚུགས་བྱེད་ཚད(ལས་ཀ་བསྐྱར་ཚུགས་ཚད=རྒྱ་ལོའི་ཚེས་བདུན་གྱི་རྗེས་ལས་ཀ་བྱེད་མཁན་མི་འབོར/གཞི་འཛིན་ལས་དོན་སྤེལ་པའི་མི་གྲངས)བསྡོམས་རྩིས་བྱས་པ་རེད།

微信图片_20200318092553.jpg

གྲངས་གཞི་ལས་མངོན་པ་ལྟར་ན། ཟླ1ཚེས31ཉིན་ནས་ཟླ2ཚེས23ཉིན་བར། ལས་འགོ་བསྐྱར་ཚུགས་བྱེད་ཚད་ཀྱི་མདུན་གྲལ་གྱི་ཨང་བཅུ་ནི། ལེའོ་ཉིན་དང་། ཅི་ལིན། ཡུན་ནན། མཚོ་སྔོན། ཀན་སུའུ། ཀོང་ཞི། ཧྥུ་ཅན། ཧུའུ་ནན། ཧྲན་ཞི། ཀུའེ་ཀྲོའུ་བཅས་རེད། དེའི་ནང་ལེའོ་ཉིན་གྱི་ལས་འགོ་བསྐྱར་ཚུགས་བྱེད་ཚད་ནི་བརྒྱ་ཆའི40.21ཡིན་པ་དང་། རྒྱལ་ཡོངས་ཀྱི་ཨང་དང་པོ་རེད།

བསྡོམས་རྩིས་ལས་བལྟས་ན། ཟླ2ཚེས23ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་རྗེས། ས་གནས་ཁག་གི་ལས་འགོ་བསྐྱར་ཚུགས་ཚད་མངོན་གསལ་དོད་པོས་འཕར་བ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་ཨང་རིམ་གནས་ཚུལ་ལའང་འགྱུར་ལྡོག་བྱུང་ཡོད།

ཟླ3པའི་ཚེས10ཉིན་བར། ཧུའུ་པའེ་ལས་གཞན། རྒྱལ་ཡོངས་ཀྱི་ཞིང་ལྗོངས30ཡི་ལས་འགོ་བསྐྱར་ཚུགས་བྱེད་ཚད་ཚང་མ་བརྒྱ་ཆའི50ལས་བརྒལ་ཡོད།

微信图片_20200318092556.png

“ལས་འགོ་བསྐྱར་ཚུགས་བྱེད་ཚད”མདུན་གྲལ་གྱི་ཨང་བཅུ་ནི། མཚོ་སྔོན་དང་། བོད་ལྗོངས། ཀན་སུའུ། ཡུན་ནན། ཅི་ལིན། ལེའོ་ཉིན། ཀུའེ་ཀྲོའུ། ནང་སོག ཀོང་ཤིས། ཧྥུའུ་ཅན་བཅས་རེད།

དེའི་ཁྲོད། མཚོ་སྔོན་གྱི་ལས་ཀ་བྱེད་མཁན་མི་འབོར་ཆེས་མང་བ་དང་། ལས་འགོ་བསྐྱར་ཚུགས་བྱེད་ཚད་བརྒྱ་ཆའི78.39%ལ་སླེབས་ཡོད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།