ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས10ཉིན་ནས12ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པའེ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད། རིམས་ནད་འགོག་སྡོམ་སོགས་ཀྱི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
ཟི་ལིང་གྲོང་ཁྱེར་གྱི་སྡོད་ཁུལ་ཁ་ཤས་སུ་རྟོག་ཞིབ་བྱེད་སྐབས། དབྱིན་པའེ་ཡིས་སྡོད་དམངས་ཀྱི་འཚོ་བོ་དང་རིམས་ནད་འགོག་སྡོམ། ཕྱི་ཡོང་མི་སྣའི་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་ནན་གྱིས་བསྟན་དོན། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ཞབས་ཞུའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ཧུར་ཐག་གིས་འཚོལ་ཞིབ་དང་གསར་གཏོད་བྱེད་པ། ཞིབ་ཚགས་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་བཅས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པར་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས། མཉམ་འགོག་མཉམ་སྡོམ་བྱ་བའི་རྐྱེན་སྲོག་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། རྨང་གཞིའི་ཆ་འཕྲིན་གྱི་འགུལ་རྣམ་འཚོལ་སྡུད་དང་ཚད་མཐོའི་མཉམ་སྤྱོད། ཉེར་སྤྱོད་ཟབ་མོ་བཅས་ཧུར་ཐག་གིས་མངོན་འགྱུར་བྱས་ནས། དྲ་མིག་ཅན་གྱི་དོ་དམ་གྱིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་རིམས་ནད་འགོག་སྡོམ་ཁྲོད་ཐོན་པའི་ཁྱད་སྟོབས་ནུས་པ་དངོས་གནས་བཏོན་ཏེ། ཕྱི་ནས་ནང་ལ་མཆེད་པར་འགོག་པའི་འཐབ་ར་དང་བོ་བཟང་བོར་སྲུང་དགོས་ཟེར།
མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་སྤྱི་བདེ་ཅུའུ་དང་རྫོང་མཉམ་འབྲེལ་འཕྲིན་བཅར་སྣེ་ལེན་ལྟེ་གནས་སོགས་ཀྱི་འབྲེལ་ཡོད་བྱ་བར་ཡུལ་དངོས་ནས་རྟོག་ཞིབ་བྱས་རྗེས། དབྱིན་པའེ་ཡིས་ལྷོད་གཡེང་གི་བསམ་བློ་དང་སུན་སྣང་གི་འདུ་ཤེས།སྟེས་དབང་གི་བསམ་ཚུལ་སོགས་རྩ་བ་ནས་སེལ་ཏེ། རིམས་ནད་འགོག་སྡོམ་ཐག་གཅོད་དང་ལས་སྒོ་བྱ་བ་སོ་སོ་ཕྱོགས་གཉིས་ཀ་ནས་འཛིན་པ་དང་ཕྱོགས་གཉིས་ཀ་དམ་པ། ཕྱོགས་གཉིས་ཀ་འཐུས་ཤོར་མེད་པ། ཕྱོགས་གཉིས་ཀར་ཡར་སྐུལ་བྱེད་པ་བཅས་ཡོང་བར་ཁག་ཐེག་བྱ་དགོས་ལ། ནག་ངན་གྱི་ཁྲིམས་འགལ་ནག་ཉེས་ཟབ་མོར་སྔོག་པ་དང་དེར་རྒོལ་རྡུང་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་། དངོས་ཕན་གོ་ཆོད་ཀྱི་ཡུན་ཕན་རྒྱུན་སྐྱོང་གི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པ་སོགས་གཞི་རིམ་གྱི་རྨང་གཞིའི་བྱ་བའི་ཆུ་ཚད་ཧུར་ཐག་གིས་མཐོར་འདེགས་བཏང་ནས། སྤྱི་ཚོགས་བདེ་འཇགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགོག་ར་བརྟན་པོར་འཛུགས་དགོས་ཞེས་ནན་གྱིས་བསྟན། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
དབྱིན་པའེ་ཡིས་ཟི་ལིང་དང་མཚོ་ཤར་དུ་རྟོག་ཞིབ་ལྟ་སྐུལ་མཛུབ་སྟོན་བྱས།