མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་ཉིས་སྟོང་ཉི་ཤུ་ལོའི་དཔྱིད་དུས་སློབ་འགོ་རྩོམ་པའི་མཛད་སྒོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་། ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་བཅས་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་དཔྱིད་དུས་སློབ་འགོ་རྩོམ་པའི་མཛད་སྒོ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་ཝང་ཡུས་ཡན་གྱིས“འགོ་ཁྲིད་ལས་བྱེད་པས་ལམ་ལུགས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས”ཞེས་པ་བརྗོད་གཞིར་བཟུང་ནས་གཏམ་བཤད། དཔྱིད་དུས་སློབ་འགོ་རྩོམ་པའི་འཛིན་གྲྭ་གཙོ་བོའི་སློབ་མ་ཁག་གཅིག་མཛད་སྒོར་ཞུགས་པ་དང་། གསོ་སྦྱོང་འཛིན་གྲྭ་ཁག་གིས་དྲ་ཐོག་གི་བྱེད་ཐབས་སྤྱད་དེ་སློབ་ཁྲིད་བྱས་ནས། གཅིག་རྗེས་གཉིས་མཐུད་ངང་སློབ་འགོ་བརྩམས།

ཝང་ཡུས་ཡན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་རྒྱུན་འཁྱོངས་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་པར་བརྟེན། ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་རེད་ཟེར། ཁོ་མོས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གཞི་རྩའི་ནང་དོན་ལ་གོ་བ་ཡང་དག་ལེན་པ་དང་། རྩ་བ་ཁོང་དུ་ཆུད་པར་བྱེད་པ། རྩ་བའི་ལམ་ལུགས་དང་གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་བཅས་ཀྱི་ནང་དོན་གཙོ་བོ་ཁོང་དུ་ཆུད་པར་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པའི་དངོས་ཡོད་གདམ་ག་ཞིག་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཡུལ་ཁམས་གསར་པ་གཏོད་པའི་ཐབས་མཆོག་ཅིག མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་རྩ་བའི་འགན་ལེན་ཞིག ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ནུས་ལྡན་གྱི་མཚོན་ཆ་ཞིག ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་སྲ་བརྟན་གྱི་འགན་ལེན་བཅས་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་རྒྱུན་འཁྱོངས་དང་དུས་བསྟུན་འཕེལ་རྒྱས་གཏོང་དགོས་པའི་ངོས་འཛིན་གཏིང་ཟབ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ལམ་ལུགས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ལམ་ལུགས་ལ་བརྩི་བཀུར་དང་ལམ་ལུགས་ལ་སློབ་སྦྱོང་། ལམ་ལུགས་ལ་སྲུང་སྐྱོབ། ལམ་ལུགས་ལག་བསྟར་བཅས་བྱེད་པའི་མིག་དཔེ་རུ་འགྱུར་བར་འབད་དགོས་ཟེར། ཁོ་མོས་བླང་བྱ་བཏོན་དོན། སློབ་མ་སློབ་གྲྭར་སྡོད་རིང་རིམས་འགོག་གི་གཏན་འབེབས་ནན་མོར་བསྲུང་ནས་བདེ་འཇགས་འགན་ལེན་གྱི་རྨང་གཞིའི་སྟེང་དུ། སྦྱངས་འབྲས་ཐོབ་པར་འབད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།