བརྩེགས་དྲུབ་ལག་རྩལ་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པ།

res01_attpic_brief.jpg

བརྩེགས་དྲུབ་ལག་རྩལ་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྲུན། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་སྡེའི་བུད་མེད་སྐྱེས་མ་ཞིག་གིས་ལག་རྩལ་ལ་བརྟེན་ནས་རང་ཉིད་ཀྱི་ལས་དབང་བསྒྱུར་བཅོས་བྱེད་པ་ནི་ མོ་ལ་མཚོན་ན་དངོས་ནས་བསམ་ཡུལ་ལས་འདས་པའི་དོན་དག་ཞིག་རེད། འདས་ཟིན་པའི་ལོ་གཅིག་གི་ནང་། ལོ་ན56ལ་སོན་ཡོད་པའི་ཡས་ཐའེ་རོན་ཞིས་ལག་གི་ཁབ་སྐུད་ལ་བརྟེན་ནས་ཡོང་སྒོ་སྒོར་ཁྲི4ལྷག་བཙལ་བ་དང་། ཁྱིམ་མི་གང་བོ་དབུལ་ཕོངས་ལས་ཐར་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་འགོ་བརྩམས། 

res04_attpic_brief.jpg

བརྩེགས་དྲུབ་ལག་རྩལ་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྲུན། 

མིག་སྔར། བརྩེགས་དྲུབ་ནི་ཕྱེ་ཐུག་དཔལ་འབྱོར་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཐོན་ལས་སུ་གྱུར་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་རྣམས་ཀྱིས་ཕུལ་དུ་བྱུང་བའི་མི་རིགས་ཀྱི་རིག་གནས་དར་སྤེལ་དང་སྲུང་སྐྱོང་བྱེད་པ་དང་། ཁྱིམ་ནས་ཞོར་ལས་བྱེད་པ། ཡོང་སྒོ་འཕར་སྣོན་བྱེད་པའི་ལག་རྩལ་གལ་ཆེན་ཞིག་ཏུ་གྱུར་ཡོད། མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་ཧུའུ་ཀྲུའུ་ཅིན་ཕན་བརྩེགས་དྲུབ་ཧོར་རིགས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་དང་སུའུ་ལུང་ཀུའུ་བརྩེགས་དྲུབ་ཚད་ཡོད་ཀུང་ཟི་སོགས་ཀྱིས་སྣེ་ཁྲིད་ཤུགས་རྐྱེན་འོག རྫོང་ཡོངས་སུ་དུས་ཡུན་རིང་བོར་བརྩེགས་དྲུབ་ལག་རྩལ་ལ་བརྟེན་ནས་ཡོང་སྒོ་འཚོལ་མཁན་གྱི་བུད་མེད2000ལྷག་ཡོད་ལ། དུས་ཚིགས་རང་བཞིན་གྱི་བརྩེགས་དྲུབ་གཉེར་མཁན་གྱི་བུད་མེད5000ལྷག་ཡོད་པས། ན་ནིང་ལོ་གཅིག་གི་ནང་བརྩེགས་དྲུབ་ཐོན་རྫས་ཁྲི10ལྷག་ཐོན་སྐྱེད་བྱས་པ་དང་ཡོང་སྒོ་སྒོར་ཁྲི2200ལ་སླེབས། ཐོན་རྫས་འདི་དག་ཐའོ་པའོ་སོགས་དྲ་ལམ་ཚོང་ཁང་དང་དྲ་གྲགས་ལ་བརྟེན་ནས་དྲ་སྟེང་ནས་ཐོན་རྫས་ཁྲི2ལྷག་ཕྱིར་ཚོང་བྱས་པ་དང་ཡོང་སྒོ་སྒོར་ཁྲི450ལ་སླེབས། 

res07_attpic_brief.jpg

བརྩེགས་དྲུབ་ལག་རྩལ་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྲུན། 

རིམས་ནད་སྐབས་སུ། ཅིན་ཕན་བརྩེགས་དྲུབ་དང་སུའུ་ལུང་ཀུའུ་སོགས་ཀུང་ཟིས་དུས་ལྟར་ཕྱིར་ཚོང་གི་ཐབས་ཇུས་ལེགས་སྒྲིག་བྱས་ཏེ། བུད་མེད་རྣམས་ལ་མངགས་ཐོ་ཁྲི2ལྷག་བཀོད་སྒྲིག་བྱས་པ་དང་། ཁོ་ཚོར་རང་རང་གི་ཁྱིམ་ནས་ཐོན་སྐྱེད་བྱེད་དུ་བཅུག་པ་དང་།  མིག་སྔའི་བར་ཅིན་ཕན་བརྩེགས་དྲུབ་ཀུང་ཟིའི་ཕྱིར་ཚོང་ཡོང་སྒོ་སྒོར་ཁྲི33དང་། སུའུ་ལུང་ཀུའུ་ཀུང་ཟིའི་ཕྱི་ཚང་ཡོང་སྒོ་སྒོར་ཁྲི48བཅས་ལ་སླེབས་ཡོད་པས། བུད་མེད800ལྷག་སྐུལ་ཁྲིད་བྱས་ཏེ་ཐོན་སྐྱེད་ནང་ཞུགས་པ་དང་མི་རེའི་ཡོང་སྒོ་ཆ་སྙོམས་ཀྱི་སྒོར1200འཕར་སྣོན་བྱུང་ཡོད།    

res10_attpic_brief.jpg

བརྩེགས་དྲུབ་ལག་རྩལ་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྲུན།  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།