ཆེད་ལས་ལག་རྩལ་མི་སྣའི“སློབ་སྦྱོང་གསུམ་དང་ཁ་གསབ་གསུམ། རོགས་འདེགས་གཉིས”ཀྱི་གསོ་སྦྱོང་ཆེན་མོ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། 《ཆེད་ལས་ལག་རྩལ་མི་སྣའི“སློབ་སྦྱོང་གསུམ་དང་ཁ་གསབ་གསུམ། རོགས་འདེགས་གཉིས”ཀྱི་གསོ་སྦྱོང་ཆེན་མོ་དང་སྦྱོང་བརྡར་ཆེན་མོའི་ལས་ཀའི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཟོས་ནས་པར་འགྲེམས་བྱས་པ་དང་། ཟླ3པ་ནས་བཟུང་ཞིང་ཆེན་ཡོངས་སུ་ཁྱོན་ཡོངས་ལ་ཁྱབ་པ་དང་ཆེད་ལས་ལག་རྩལ་མི་སྣ་ཡོངས་ཞུགས་པའི“སློབ་སྦྱོང་གསུམ་དང་ཁ་གསབ་གསུམ། རོགས་འདེགས་གཉིས”ཀྱི་གསོ་སྦྱོང་ཆེན་མོ་དང་སྦྱོང་བརྡར་ཆེན་མོའི་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། 

ངོ་སྤྲོད་བྱས་པ་ལྟར་ན། “སློབ་སྦྱོང་གསུམ”ནི་ཤེས་བྱ་གསར་བ་སློབ་སྦྱོང་དང་། ལག་རྩལ་གསར་བ་སློབ་སྦྱོང་། བྱ་ཐབས་གསར་བ་སློབ་སྦྱོང་བཅས་ཡིན་ལ། “ཁ་གསབ་གསུམ”ནི་ཤེས་བྱའི་ཞན་ཆ་ཁ་གསབ་དང་། ནུས་པའི་ཞན་ཆ་ཁ་གསབ། ལས་ཀའི་ཞན་ཆ་ཁ་གསབ་བྱེད་རྒྱུ་བཅས་ཡིན། “རོགས་འདེགས་གཉིས”ནི་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལེན་རྒྱུར་རོགས་འདེགས་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ལེན་རྒྱུར་རོགས་འདེགས་བྱེད་པ་གཉིས་ཡིན། 《ཇུས་གཞི》ཡིས་ཞན་ཆ་དང་ངན་ཆར་དམ་པོར་གཞིགས་ནས་ཞབས་ཞུའི་འཕེལ་རྒྱས་ལ་དམིགས་ཏེ། “གང་ཞིག་སྒྲུབ་ན་དེ་སྦྱོང་བ་དང་། གང་ཞིག་མི་འདང་ན་དེ་གསབ་པ། གང་ཞིག་སྦྱོང་ན་དེ་འགྲན་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། རིམ་པ་བཞིན་གསོ་སྦྱོང་ཆེན་མོ་དང་སྦྱོང་བརྡར་ཆེན་མོའི་བྱེད་སྒོའི་ལས་འགན་གཙོ་བོ་དང་བྱ་ཐབས་གསུམ་བཏོན་ཡོད་དེ། གཅིག་ནི“སློབ་སྦྱོང་གསུམ”ལ་ཤུགས་སྣོན་བརྒྱབ་ནས་མུ་མཐུད་དུ་སློབ་གསོའི་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། གཉིས་ནས“ཁ་གསབ་གསུམ”ལ་ཤུགས་སྣོན་བརྒྱབ་ནས་ནུས་པ་མཐོར་འདེགས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གསུམ་ནི“རོགས་འདེགས་གཉིས”ལ་ཤུགས་བསྣན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་པ་བཅས་ཡིན། 

《ཇུས་གཞི》ཡི་བླང་བྱ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་ཁེ་ལས་དང་ལས་དོན་སྡེ་ཁག་གིས་ཤེས་བྱ་གསར་བརྗེའི་བཟོ་བཀོད་ལ་བརྟེན་ཏེ“སློབ་སྦྱོང་གསུམ”ལ་ཤུགས་སྣོན་རྒྱབ་ནས་སློབ་གསོ་གསོ་སྦྱོང་ལ་མུ་མཐུད་དུ་དམ་འཛིན་ཏན་ཏིག་བྱེད་པ་དང་། ཡོངས་ཁྱབ་ཏུ་ཁོང་དུ་ཆུད་དགོས་པའི་ཕྱོགས་བསྡུས་རང་བཞིན་གྱི་གཞི་རྩའི་ཤེས་བྱ་གསོ་སྦྱོང་དང་ཆེད་ལས་འཇོན་ཐང་ཆེ་རུ་གཏོང་བའི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཤེས་བྱ་གསར་བརྗེའི་མྱུར་ཚད་མགྱོགས་པོ་མེད་པ་དང་། སྔོན་ཐོན་ལག་རྩལ་ཁོང་དུ་ཆུད་མེད་པ། བྱེད་ཐབས་གསར་པ་སྤྱོད་མི་ཤེས་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་རྒྱུ་རེད། ཞིང་ཆེན་ནང་ཁུལ་དུ་ཆེད་མཁས་པའི་མཚན་སྙན་དང་མཐོ་རིམ་གོ་མིང་ཡོད་པའི་ལག་རྩལ་ཤེས་ལྡན་མི་སྣ་དང་སློབ་ཁྲིད་མི་སྣ་ཞིག་ཡིན་པའི་ངོས་ནས་གཞི་རིམ་དུ་བསྐྱོད་དེ“གཅིག་ཅན་བཞིའི”བྱེད་སྒོ་སྤེལ་དགོས་པ་སྟེ། “ཆུ་ཚད་མཐོ་བའི་སློབ་ཚན་ཞིག་ཁྲིད་པ”དང་། “ལག་རྩལ་གྱི་གནད་དོན་ཞིག་ལ་མཛུབ་ཁྲིད་བྱས་ནས་ཐག་གཅོད་བྱེད་པ” “གཞི་རིམ་ཚོགས་པར་རོགས་སྐྱོར་བྱེད་པའི་ཕུགས་ཕན་འཆར་གཞི་ཞིག་བཟོ་བ” “གཞི་རིམ་དང་མཉམ་དུ་ལག་རྩལ་ཞིག་མཉམ་ལས་བྱེད་པ”བཅས་ཡིན་པ་དང་། གཞི་རིམ་ལ་སྣེ་ཁྲིད་དེ་ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་ཁོང་དུ་ཆུད་པར་བྱས་ཏེ་ལས་སྒོ་དང་ནུས་པའི་ཞན་ཆ་གསབ་དགོས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།