མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས16ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས47པ་འཚོགས་ཤིང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་གིས་ཚོགས་འདུ་ལ་གཙོ་སྐྱོང་གནང་བ་དང་། རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་མ་ཝུའེ་དང་ཀའོ་ཧྭ། ཀྲུའུ་རེན་གཞོན་པ་ཉི་མ་སྒྲོལ་མ་དང་། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏེ་བཅས་དང་དྲུང་ཡིན་ཆེན་མོ་ཅ་དབྱིང་ཀྲུང་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅོ་ལྔ་པའི་མི་དོན་བྱ་གཞག་གནས་ཚུལ་སྐོར་གྱི་གསལ་བཤད་ལ་གསན་པ་དང་། 《མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་གྲུབ་འབྲས་དངོས་སྒྱུར་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག(འཆར་ཟིན)》ལ་བཟོ་བཅོས་བརྒྱབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། 《རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣ་བསྐོ་འཐེན་བྱེད་ཐབས་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས(འཆར་ཟིན)》དང་། 《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ལས་དོན་མི་སྣའི་རྩ་ཁྲིམས་དམ་བཅའི་ལམ་ལུགས་ལག་བསྟར་བྱེད་ཐབས་ཀྱི་གཏན་འབེབས(འཆར་ཟིན)》ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གྲོས་གཞིའི་སྙན་ཞུ། 《སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)》དང་། 《ཁྲིམས་འགལ་ངང་རི་དྭགས་ཉོ་འཚོང་དང་རི་སྐྱེས་སྲོག་ཆགས་བཟའ་བཏུང་རིགས་གཏན་འགོག་བྱེད་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)》གྲོས་གཞིའི་སྙན་ཞུ། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》བཟོ་བཅོས་བརྒྱབ་པའི་གནས་ཚུལ་དང་། 《2020ལོའི་ཁག་གཉིས་པའི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམས་སྤེལ་དང་གཏོང་ཡོང་སྔོན་རྩིས་ལེགས་སྒྲིག་འོས་འཚམ་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྙན་ཞུའི》ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ། 《2019ལོའི་ཐོ་འགོད་ཞིབ་བཤེར་ལས་དོན་སྤེལ་ཚུལ་སྐོར་གྱི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་སྙན་ཞུ》ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཉིན་རེའི་ལས་རིམ་(འཆར་ཟིན)བཅས་སྐོར་གྱི་སྙན་ཞུ་བཅས་ཀྱི་སྐོར་ཚོགས་འདུའི་ཐོག་མི་དོན་བསྐོ་འཐེན་གྱི་གྲོས་གཞིར་གྲོས་བསྡུར་བྱས་པ་རེད། ཚོགས་འདུའི་ཐོག་གོང་གསལ་གྱི་ནང་དོན་དེ་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་གྲོས་དོན་ནང་འཇུག་རྒྱུའི་གཏན་འབེབས་བྱས་པ་རེད། 

གྲོས་ཚོགས་སྟེང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་པ་དང་། ཉོ་འཚོང་། བཟའ་བཏུང་བཅས་བྱེད་པ་གཏན་འགོག་བྱ་རྒྱུའི་གཏན་འབེབས་བྱས་པ་དང《གཏན་འབེབས》ལ་གྲོས་འཆམ་བྱུང་རྗེས་ཐབས་ལམ་མང་པོའི་ཐོག་ནས་དྲིལ་བསྒྲགས་དང་གསལ་འགྲེལ་བྱས་ཏེ་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་པ་དང་ཉོ་འཚོང་བྱ་རྒྱུ་གཏན་འགོག་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱེད་དགོས་པའི་ནན་བཤད་བྱས་པ་རེད། དུས་ཐོག་ཏུ་ལག་བསྟར་བྱས་ཚུལ་ལ་ཁྲིམས་འཛིན་ཞིབ་བཤེར་སྒྲིག་འཛུགས་བྱས་ནས་ཁྲིམས་སྐྱོང་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་འགན་ལེན་ཏན་ཏིག་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།