མཚོ་སྔོན་གྱིས་བྱེད་ཐབས་མང་པོ་སྤྱད་དེ་སློབ་རའི་རིམས་འགོག་བྱ་བར་ཁག་ཐེག་བྱས།

1125714314_15842362763811n.jpg

  ཟླ3པའི་ཚེས14ཉིན་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་སློབ་ཁྲིད་ཐོག་ཁང་ཆེན་མོའི་སྒོ་རྩར་སློབ་མ་རྣམས་ཀྱིས་རིམ་པ་ལྟར་ལུས་དྲོད་ལྟ་ཆས་བརྒྱུད་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོས་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་དངོས་སུ་བསུས། སློབ་གྲྭས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཚོགས་ཆུང་བཙུགས་ནས“སློབ་གྲྭ་དང་། ལོ་རིམ། འཛིན་གྲྭ ཁྱིམ་བདག”བཅས་རིམ་པ་བཞི་ཡི་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་ནས་དགེ་སློབ་ཚོས་ཞོགས་པ་དང་ཉིན་དགུང་གི་ཞིབ་བཤེར་དང་། ནད་ཕོག་པའི་རྐྱེན་ཀྱིས་ལས་ཆད་ཐོ་འགོད་དང་རྗེས་སྙེག་སྙན་ཞུ། བདེ་ཐང་སློབ་གསོ། རླུང་རྒྱུ་དུག་སེལ། དུས་ཚོད་བཀོད་སྒྲིག ཟ་མ་ཟ་སྟངས་ལེགས་བཅོས་སུ་གཏོང་བ་སོགས་ཀྱི་ལམ་ལུགས་བཟོས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་གསོ་སློབ་ཁྲིད་བྱ་བར་ཁག་ཐེག་བྱས། ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་གྱི་མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭ་རྩ་དོན་ཐོག་ཟླ3པའི་ཚེས9ཉིན་ནས་ཚེས13ཉིན་བར་རིམ་བཞིན་སློབ་འགོ་ཚུགས་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་གྲྭ་རྩ་དོན་ཐོག་ཟླ3པའི་ཚེས16ཉིན་ནས་ཚེས20ཉིན་བར་སྔ་གཞུག་ཏུ་སློབ་འགོ་ཚུགས་རྒྱུ་རེད། 

 ཟླ3པའི་ཚེས14ཉིན་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མས་ཟ་ཁང་དུ་གྲལ་བསྒྲིགས་ནས་ཟ་མ་ལེན་བཞིན་པ། 

 ཟླ3པའི་ཚེས14ཉིན་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མས་སློབ་ཁྲིད་བྱེད་བཞིན་པ།

 ཟླ3པའི་ཚེས14ཉིན་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་ལོ་རིམ་དང་པོའི་སློབ་མས་ལུས་རྩལ་ཁང་དུ་རིམས་འགོག་སྐོར་གྱི་བདེ་ཐང་སློབ་གསོ་ལ་ཉན་བཞིན་པ། 

ཟླ3པའི་ཚེས14ཉིན་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མ་ལིའུ་ཧྥེང་ལིང་གིས་སློབ་ཁང་གི་རླུང་རྒྱུག་གནས་ཚུལ་ཐོ་འགོད་བྱེད་བཞིན་པ། 

 ཟླ3པའི་ཚེས14ཉིན་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མས་སློབ་ཁྲིད་བྱེད་བཞིན་པ།

ཟླ3པའི་ཚེས14ཉིན་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མས་ཟ་ཁང་དུ་གྲལ་བསྒྲིགས་ནས་གོ་རིམ་ལྟར་ཟ་མ་ཟ་བཞིན་པ། 

 ཟླ3པའི་ཚེས14ཉིན་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མས་སློབ་ཁྲིད་བྱེད་བཞིན་པ།

ཟླ3པའི་ཚེས14ཉིན་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མས་ཟ་ཁང་དུ་གྲལ་བསྒྲིགས་ནས་ཟ་མ་ལེན་བཞིན་པ། 

ཟླ3པའི་ཚེས14ཉིན་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མས་ཟ་ཁང་དུ་ཅོག་ཙེ་བགོས་ནས་ཟ་མ་ཟ་བཞིན་པ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།