མཚོ་སྔོན་ཞིང་ཆེན་གྱིས2019ལོར་ཤིང་འཛུགས་ནགས་བཟོ་མུའུ་ཁྲི433བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2019ལོར། མཚོ་སྔོན་ཞིང་ཆེན་གྱི་ཤིང་འཛུགས་ནགས་བཟོ་མུའུ་ཁྲི433བྱས་པ་ལས། མི་ཐབས་ནགས་བཟོ་མུའུ་ཁྲི210དང་། རི་རྒྱ་བསྡམས་ནས་ནགས་བཟོ་མུའུ་ཁྲི119། དཔལ་འབྱོར་གཉེར་སྐྱོང་ནགས་བཟོ་མུའུ་ཁྲི104བྱས་པ་རེད།

གཙང་གསུམ་ཆུ་འགོའི་རྣམ་གྲངས་དང་། འབྲོག་བསྐྱུར་རྩྭ་གསོའི་འདུ་འགོད། རྨོ་བསྐྱུར་ནགས་བཟོའི་འདུ་འགོད། མདོ་ལ་རི་བོའི་ཕྱོགས་བསྡུས་བཅོས་སྐྱོང་། རྩྭ་ཐང་སྣོད་བཅུད་སླར་གསོ་སོགས་འདུ་འགོད་ལག་བསྟར་བྱས་ཤིང་། 2019ལོར་མཚོ་སྔོན་གྱིས་རྩྭ་ཐང་ཕྱུགས་བཀག་མུའུ་དུང་ཕྱུར་2.45དང་། རྩྭ་ཐང་ཞན་སྒྱུར་མུའུ་ཁྲི་243ལ་བཅོས་སྒྲིག སྐྱེ་དངོས་གནོད་འཚེ་མུའུ་ཁྲི་3889ལ་སྔོན་འགོག་ཚོད་འཛིན། མུའུ་ཁྲི་780ཀྱི་ཨ་བྲའི་གནོད་འཚེ་མེད་པར་བཟོས་པ། འགྲམ་ཐང་མུའུ་ཁྲི་70.01ལ་བཅོས་སྒྲིག ལྕགས་དྲ་མུའུ་ཁྲི་840སྐོར་བ་བཅས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།