མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་དངུལ་ཁང་ལས་རིགས་དངུལ་རྩའི་སྡེ་ཁག་གིས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་བྱ་བར་དངུལ་བུན་སྒོར་དུང་ཕྱུར59བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཧུར་ཐག་སྒོས་ཞིང་ཆེན་ནང་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྡེ་ཁག་ཁག་དང་མཐུན་སྦྱོར་བྱས་ནས་རང་འགུལ་ངང་གཙོ་གནད་ཁེ་ལས་དང་སྦྲེལ་མཐུད་བྱས་ཏེ། ཡིད་རྟོན་དངུལ་བུན་བསྐྱི་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་མ་དངུལ་བསྡུ་གསོག་གི་དགོས་མཁོ་བསྐངས་ནས་ནུས་ཤུགས་ཡོད་རྒུས་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་བྱ་བར་སྐུལ་འདེད་བཏང་། ད་ལོའི་ཚུན་ལ་རིམ་རྩིས་བྱས་ན་བསྡོམས་པས་དངུལ་བུན་སྒོར་དུང་ཕྱུར297བཏང་བ་དང་། ཞིང་ཆེན་ནང་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྡེ་ཁག་གིས་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་དང་ཐོན་སྐྱེད་སླར་གསོའི་ཐད་དངུལ་བུན་སྒོར་དུང་ཕྱུར59བཏང་བ་མ་ཟད། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཁེ་ལས35ལ་གཟིགས་སྐྱོང་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར12.25བཏང་ནས་གཙོ་གནད་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་མ་དངུལ་གྱི་དགོས་མཁོར་འགན་ལེན་ནུས་ལྡན་བྱས་ཡོད།

ཟླ3པའི་ཚེས3ཉིན་ནས་བཟུང་།  དངུལ་རྩའི་ཞབས་ཞུ་འགན་ལེན་ཚན་ཆུང་གིས་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གསུམ་བཙུགས་ནས་ཡུལ་དངོས་སུ་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་མ་དངུལ་བསྡུ་གསོག་གི་དགོས་མཁོར་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། དངུལ་རྩའི་འགན་ལེན་ཚན་ཆུང་གི་སྲིད་དོན་དང་དངུལ་ཁང་། ཁེ་ལས་ཀྱི་འབྲེལ་མཐུད་ཚོགས་འདུའི་ལས་སྟེགས་བརྒྱུད་དེ་ཟི་ལིང་ (རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས་འགྲིམ་འགྲུལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང《གླིང་ཁུལ་གྱི་ཁེ་ལས་ལ་རྒྱབ་སྐྱོར་དང་རྣམ་གྲངས་ལས་འགོ་བསྐྱར་འཛུགས་ཀྱི་དངུལ་སྲིད་འཐབ་ཇུས་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་། འགྲིམ་འགྲུལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་སྲིད་ཇུས་དང་ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་སོགས་ཀྱི་ཐད་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་གཙོ་གནད་རྣམ་གྲངས་དང་སྤུས་ལེགས་ཁེ་ལས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་མ་ཟད། ད་དུང་དམིགས་སའི་རང་བཞིན་གྱི་ཡིད་རྟོན་དངུལ་གྲངས་སྒོར་དུང་ཕྱུར100འདོན་སྤྲོད་བྱས་ནས་དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་སྔར་བས་མཐོ་རུ་བཏང་བ་དང་། དངུལ་རྩའི་ཐོན་ཁུངས་དངོས་ཚན་དཔལ་འབྱོར་ཁེ་ལས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་བཏང་བ། ཁེ་ལས་ལ་ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྐྱེན་པས་མ་དངུལ་གྱི་དགོས་མཁོའི་གནོན་ཤུགས་ཆུང་དུ་བཏང་ཡོད། 

གཞན་ཡང་། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ་ཡིས་དུས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་རོང་འབྲོག་ཁེ་ལས་ཀྱི་མིང་ཐོ་བཟོས་ཏེ་དངུལ་ཁང་གིས་འཕྲལ་མ་ཉིད་དུ་འབྲེལ་མཐུད་བྱས་ནས་དོན་དངོས་ཀྱི་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། མིག་སྔའི་ཚུན་དུ། དངུལ་ཁང་གིས་མིང་ཐོའི་ནང་གི་ཁེ་ལས་ལ་སྒོར་དུང་ཕྱུར1.03བཏང་བའི་ནང་དངུལ་བུན་སྒོར་དུང་ཕྱུར0.73བཏང་ཟིན་པ་དང་སྔོན་དཔག་བྱས་ན་རྗེས་མཐུད་མ་དངུལ་སྒོར་དུང་ཕྱུར5.27གཏོང་རྒྱུ་ཡིན་པ་རེད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།