མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་དབུལ་སྐྱོར་ལས་ཞུགས་ཀྱི་བཟོ་ཁང་ཚང་མས་ལས་ཐོན་སླར་གསོ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། བསྟུད་མུར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དབུལ་སྐྱོར་ལས་དོན་ལ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བཟོ་ཁང་དང“གཞོན་ནུའི་འཚེམ་དྲུབ”བཟོ་ཁང་ཡོད་ཚད་རྨང་རྐང་བརྟན་ལ་གོ་རིམ་ལྡན་པའི་ངང་ལས་ཐོན་སླར་གསོ་བྱེད་པར་མཛུབ་སྟོན་བྱས། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང2དང་། ཞིང་ཆེན་རིམ་པའི“གཞོན་ནུའི་འཚེམ་དྲུབ”དབུལ་སྐྱོར་ལས་ཞུགས་བཟོ་ཁང6ཚང་མ་ལས་ཐོན་སླར་གསོ་བྱས་ཡོད།

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་གི་ དབུལ་སྐྱོར་ལས་ཞུགས་བཟོ་ཁང་གཉིས་དང་ཞིང་ཆེན་རིམ་པའི“མཚོ་སྔོན་གྱི་འཚེམ་དྲུབ”དབུལ་སྐྱོར་ལས་ཞུགས་བཟོ་ཁང་དྲུག་ལ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཁྱིམ་851དང་མང་ཚོགས་དབུལ་པོ3064ཡོད་པ་དང་། བཟོ་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ་དང་། བཟོ་ཁང་གི་ལས་བཟོ་བའི་ཆ་འཕྲིན་ལ་བསྡོམས་རྩིས་ནན་མོ་བྱེད་པ། ལས་བཟོ་བའི་རྒྱུན་གཏན་དོ་དམ་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་སློབ་གསོའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ལས་དོན་དམ་པོར་བཟུང་བའི་རྨང་གཞིའི་སྟེང་དུ། ཁེ་ལས་ཀྱི་ལས་བཟོ་བ410དང་། དེ་བཞིན་འཚེམ་དྲུབ་དང་ཐང་ག འཇིམ་བཟོ་སྒྱུ་རྩལ་པ5600འབྲེལ་བ་བྱས་ནས། སྒྲིག་ལམ་ལྡན་པའི་སྒོ་ནས་ལས་ཐོན་སླར་གསོ་བྱེད་པར་མཛུབ་སྟོན་ནུས་ལྡན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།