མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ལ་ཁྲིད་སྟོན་བྱས་ནས་“འགན་ལེན་གསུམ་དང་རྩ་ཆག་དྲུག”གི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་སྔོན། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་བཀོད་སྒྲིག་ལྟར། “ཨེ་ལའོ་མཱ”སོགས་ཕྱོགས་གསུམ་པའི་ལས་སྟེགས་ལ་མཛུབ་ཁྲིད་བྱས་ཏེ་ས་གནས་ཀྱི་འཚོ་བའི་ཞབས་ཞུའི་ལས་རིགས་ཀྱི་ད་ཡོད་གནས་ཚུལ་ལ་དམིགས་ནས“འགན་ལེན་གསུམ་དང་རྩ་ཆག་དྲུག”གི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་དཀའ་གནད་ལས་སྒྲོལ་རོགས་བྱས།  

ཤེས་རྟོགས་བྱུང་བ་ལྟར་ན། “འགན་ལེན་གསུམ”ནི་རིན་གོང་འགན་ལེན་དང་། སྤུས་ཚད་འགན་ལེན། མཁོ་སྤྲོད་འགན་ལེན་བཅས་ཡིན་ལ། “རྩ་ཆག་དྲུག”ནི། གཅིག གཞི་ཁྱོན་ཅན་གྱི་ཚོང་དུད་ལ་ཁྲིད་སྟོན་བྱས་ནས་རིན་མི་དགོས་པར་སྤྲིན་འགྲོན་ཚོང་དུད་སྤྱི་ཀླད་བཀོལ་སྤྱོད་བྱས་ནས་རིན་གོང་རྒྱུན་གཏན་ཡིན་མིན་ལ་ལྟ་སྐུལ་ཚོད་འཛིན་བྱེད་པ། གཉིས། སྤུས་རྟགས་ཚོང་བ་གསར་བའི་གཉེར་སྐྱོང་རྣམ་གྲང་མང་པོའི་རིན་གོང་ཆག་ཡང་དང་རྩ་ཆག་ཏུ་བཏང་ནས་ཚོང་ཟོག་རིན་གོང་གཏན་པོ་ཡོང་བ་བྱེད་པ། གསུམ། གཞི་ཁྱོན་ཅན་གྱིས་བཟའ་བཅའི་བདེ་འཇགས་ཀྱི་ཐོ་འགོད་སྒྲིག་ཆས་རིན་མེད་ངང་སྤྲད་ནས་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱེད་པ། བཞི། ཕྱོགས་གསུམ་པའི་མཉམ་ལས་རོགས་ཟླར་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནས་ཚོང་པས་རིན་མི་དགོས་པར་ཐབ་ཚང་མཐོང་གསལ་ཅན་དུ་གཏོང་བར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་པ། ལྔ། ཚོང་དུད་འབྲིང་ཆུང་གིས་ས་གནས་ཀྱི་འཚོ་བའི་ཞབས་ཞུའི་ལས་སྟེགས་ཀྱི་བཟའ་བཅའི་བདེ་འཇགས“སེམས་བདེའི་ཆེད་ཁུལ”ལ་རིན་མེད་ངང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནས་སྤུས་ལེགས་བཟའ་བཅའ་མཁོ་འདོན་བྱེད་དགོས། དྲུག ཚོང་དུད་འབྲིང་ཆུང་རིགས་ལ་རིན་མི་དགོས་པར“ཚལ་ཉོ་འཕྲིན་ལམ”དུ་བཅའ་སྡོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་གྲོང་མིར་སྔོ་ཚལ་གསར་བ་མཁོ་འདོན་བྱེད་དགོས། 

ཁོངས་གཏོགས་ཁུལ་གྱི་སྔོ་ཚལ་ཚོང་ར་དང་རློན་སོས་ཁྲོམ་རའི་ཕྱི་ནང་སྒྲིག་གཞི་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་བཏང་ནས། རློན་སོས་བཟའ་བཅའ་འབྱུང་ཁུངས་ཕུ་འདེད་དང་། རིན་གོང་དོ་དམ་ཚོད་འཛིན། རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་ཚོང་གཉེར་ལ་རྩད་གཅོད་བྱེད་པ་སོགས་གྲངས་གཞི་ཅན་གྱི་ལྟ་སྐུལ་དོ་དམ་བྱས་ནས། ལྟ་སྐུལ་དོ་དམ་གྱི་ཕན་འབྲས་ཆེ་རུ་ཤུགས་ཆེན་བཏང་སྟེ་འཛད་སྤྱོད་པས་སེམས་བདེའི་སྔོ་ཚལ་དང་བདེ་འཇགས་སྔོ་ཚལ་སྔར་བས་སྟབས་བདེའི་ངང་ཉོ་ཐུབ་པ་བྱེད་དགོས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།