མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་རིམ་སྤོར་བཟོ་འགོད་ཐད་ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར6.14དངོས་འབེབས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། ཉེ་ལམ་རྒྱལ་ཁབ་འཕེལ་སྒྱུར་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་རིམ་སྤོར་བཟོ་འགོད་ཐད2020ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་6.14དངོས་འབེབས་བྱས་པ་དང་། དེ་ལས་“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་ཡུལ་སྐོར་རིམ་སྤོར་བཟོ་འགོད་ཐད་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་24.41བརྩོན་ལེན་བྱས་པ་དང་། དེའི་ནང་རིག་གནས་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་3.18དང་། རིག་དངོས་ཤུལ་བཞག་རྣམ་གྲངས(རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁུལ་ནང་འདུས)ལ་མ་དངུལ་སྒོར་དུང་ཕྱུར་13.82། ཡུལ་སྐོར་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་7.41བཅས་ཡོད་པ་རེད།

 རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིར་དངོས་འབེབས་བྱས་པའི་མ་དངུལ་སྒོར་དུང་ཕྱུར་6.14ཡོད་པ་དེ་གཙོ་བོར་མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་ཆས་དང་། རྒྱལ་ཁབ་ཀྱི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་སྒྲིག་ཆས། ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་སོགས་འཛུགས་སྐྲུན་རྣམ་གྲངས43ལ་རྒྱབ་སྐྱོར་བྱས་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་འོག་རིག་གནས་ཡུལ་སྐོར་ལས་རིགས་ལ“སེམས་ཤུགས་ཆེ་རུ་གཏོང་བར”སྐུལ་འདེད་བྱས་ཏེ།  སྔར་ལས་ལྷག་པར་རིག་གནས་ཡུལ་སྐོར་ལས་རིགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་ཁྲིད་བྱེད་པའི་ཐད་ཀྱི་སྟོབས་ཤུགས་ཆེན་པོ་དང་སྒུལ་ཤུགས་ཆེན་པོ་འདོན་སྤེལ་བྱ་རྒྱུ་རེད། རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་ཆས་ཀྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་རྒྱུ་དང་། རིག་གནས་དང་རང་བྱུང་ཤུལ་བཞག་གི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཤུལ་བཞག་ཐོན་ཁུངས་ཀྱི་སྤྱི་ཚོགས་སློབ་གསོ་དང་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་བ །“ས་ཁུལ་གསུམ་དང་ཁུལ་གསུམ”གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ས་གནས་ཀྱི་དཔལ་འབྱོར་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། དབུལ་ཕོངས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་སོགས་ཕྱོགས་གང་ཅི་ཐད་ལ་སྐུལ་ཁྲིད་ཀྱི་ནུས་པ་སྔར་ལས་མངོན་གསལ་ཐོན་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།