མཚོ་སྔོན་ཞིང་ཆེན་དུ་སྨན་བཅོས་འགན་བཅོལ་གྱི་དམིགས་བསལ་སྨན་རྫས་གནས་གཏན་སྨན་བཅོས་སྒྲིག་གཞི18མང་དུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། འགན་བཅོལ་ནང་ཞུགས་པའི་ནད་པའི་སྨན་བཅོས་འགན་བཅོལ་གྱི་དམིགས་བསལ་སྨན་རྫས་དགོས་མཁོར་འགན་སྲུང་དང་། འགན་བཅོལ་ནང་ཞུགས་པའི་ནད་པའི་སྨན་བཅོས་ཁུར་པོ་ཇེ་ཡང་དུ་གཏོང་ཆེད། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས“རང་མོས་ངང་རེ་ཞུ་དང་། མཁོ་སྤྲོད་འགན་ལེན་བྱེད་པའི”རྩ་དོན་གཞིར་བཟུང་ནས། རེ་ཞུ་བྱས་པའི་ཟི་ལིང་ས་ཁུལ་གྱི་ཞིང་ཆེན་རིམ་པའི་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་གནས་གཏན་སྨན་རྫས་སྒྲིག་གཞི27གྱི་ཁྲོད་དཔྱད་གཞིའི་ཞིབ་དཔྱད་དང་། ཡུལ་དངོས་ལྟ་ཞིབ་སོགས་ལས་ཀའི་གོ་རིམ་བརྒྱུད་དཔྱད་བསྡུར་བྱས་ཏེ་ཆ་རྐྱེན་མཐུན་པའི་སྨན་བཅོས་འགན་བཅོལ་གྱི་གནས་གཏན་སྨན་རྫས་སྒྲིག་གཞི་དང་གནས་གཏན་སིལ་ཚོང་སྨན་ཁང18གཏན་འཁེལ་བྱས་པ་རེད། 

ཐེངས་འདིའི་སྨན་བཅོས་འགན་བཅོལ་གྱི་དམིགས་བསལ་སྨན་རྫས་ཀྱི་དམིགས་འཛུགས་སྒྲིག་གཞི་འདེམས་པའི་བརྒྱུད་རིམ་ཁྲོད། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་མང་ཚོགས་ལ་སྟབས་བདེ་བསྐྲུན་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཀྱིས་སྨན་ཉོ་དཀའ་བའི་གནད་དོན་ལ་བསམ་གཞིག་གང་ལེགས་བཏང་སྟེ་སྨན་རྫས་སྒྲིག་གཞིའི་འབྲེལ་ཡོད་ཐོབ་ཐང་ལ་ཞིབ་དཔྱད་ནན་ཏན་བྱས་པ་དང་ཆབས་ཅིག སྨན་རྫས་སྒྲིག་གཞིའི་གནས་བབ་ཁྱབ་ཚུལ་དེ་རྒྱུ་རྐྱེན་གལ་ཆེན་ལ་བརྩིས་ནས་ཕྱོགས་བསྡུས་བསམ་གཞིག་བཏང་སྟེ་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཚོས་ཐག་ཉེའི་སྨན་བཅོས་འགན་བཅོལ་གྱི་དམིགས་བསལ་སྨན་ཉོ་རྒྱུ་འགན་ལེན་བྱས་ནས“མང་ཚོགས་འགྲོ་འོང་ཉུང་བའི”སྟབས་བདེའི་ཞབས་ཞུར་སྐུལ་འདེད་ཧུར་ཐག་བཏང་བ་རེད། 

རྗེས་མར། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་བཅོས་འགན་བཅོལ་གྱི་དམིགས་བསལ་སྨན་རྫས་ཀྱི་གནས་གཏན་སྨན་རྫས་སྒྲིག་གཞིའི་སྨན་བཅོས་འགན་བཅོལ་ཞབས་ཞུའི་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། སྨན་བཅོས་འགན་བཅོལ་གཉེར་སྒྲུབ་བརྒྱུད་རིམ་ཟམ་མི་ཆད་པར་འཐུས་ཚང་དང་ཇེ་ལེགས་སུ་བཏང་སྟེ་ཐེབས་རྩའི་བདེ་འཇགས་རྒྱུན་མཐུད་འགན་ལེན་བྱེད་པའི་རྨང་གཞིའི་ཐོག མཚོ་སྔོན་ཞིང་ཆེན་གྱི་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ལ་དེ་བས་སྤུས་ལེགས་དང་། ཕན་འབྲས་ཆེ་བ། སྟབས་བདེ་བ་བཅས་ཀྱི་སྨན་བཅོས་འགན་བཅོལ་གཉེར་སྒྲུབ་ཞབས་ཞུ་མཁོ་འདོན་བྱས་ནས་སྨན་བཅོས་འགན་བཅོལ་གྱི་དམངས་ཕན་སྲིད་ཇུས་ཁག་དེ་བས་མགྱོགས་པ་དང་དེ་བས་ལེགས་པའི་སྒོ་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།