མཱ་ཝེ་ཡིས་ལྟ་ཞིབ་དང་ཁྲིམས་འཛིན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་དོན་འབྲེལ་གཏུག་གྲོས་ཚོགས་སྟེང་ནས་གཏམ་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་གྱིས་ཞིང་ཆེན་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་དོན་འབྲེལ་གཏུག་གྲོས་ཚོགས་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་ཚོགས་འདུར་ཞུགས་ནས་གཏམ་བཤད།

མཱ་ཝེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བཏོན་པའི་བླང་བྱ་གལ་ཆེན་གྱིས་ལྟ་ཞིབ་ཁྲིམས་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་དང་ལག་ལེན་གྱི་ཁ་ཕྱོགས་མཁོ་འདོན་བྱས། ལྟ་ཞིབ་ཁྲིམས་འཛིན་ལས་དོན་ཐད་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་དང་། ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ། ཁྲིམས་སྐྱོང་འགན་ལེན་འདོན་སྤྲོད་བྱ་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས། ལམ་ལུགས་ཀྱི་ལེགས་ཆ་དེ་སྔར་ལས་ལེགས་པའི་སྒོ་ནས་ཁྲིམས་འཛིན་གྱི་ཕན་ནུས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

མཱ་ཝེ་ཡིས་ནན་གྱིས་བསྟན་དོན། ལྟ་ཞིབ་དང་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ལས་འགན་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ས་གནས་བཅོས་སྐྱོང་གི་གནས་ཚུལ་གསར་པ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། ནུས་ཤུགས་ཡོད་རྒུས་བཅའ་ཁྲིམས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ། ཁྲིམས་འཛིན་དབང་ཆ་ཚད་ལྡན་དུ་གཏོང་བ། ཁྲིམས་འཛིན་དྲང་གཞག་རྒྱུན་འཁྱོངས་བྱེད་པ། ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཁྲིམས་འཛིན་འགན་འཁྲི་དོན་འཁྱོལ་བྱེད་པ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་འགན་ལེན་བྱེད་པ་བཅས་བྱས་ནས། ཁྲིམས་འཛིན་ཞབས་ཞུ་དོ་སྙོམས་མིན་པ་དང་འདང་ངེས་མིན་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་ཟེར།

མཱ་ཝེ་ཡིས་བླང་བྱ་བཏོན་དོན། ཁྱད་ལྡན་ཞིབ་ཚགས་ཀྱི་འདུ་ཤེས་ལག་ལེན་དུ་བསྟར་ནས་ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཤུགས་ཆེར་བཏང་ནས། སྤྱི་ཚོགས་བཅོས་སྐྱོང་གི་ལམ་ལུགས་འགན་ལེན་སྔར་ལས་ཇེ་བརྟན་དུ་གཏོང་དགོས་པ་དང་། ལྟ་སྐུལ་ཡང་དག་དང་ནུས་ལྡན་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ལྟ་སྐུལ་གྱི་དངོས་ཕན་ཆེ་རུ་གཏོང་རྒྱུར་ཤུགས་བསྣན་ཏེ། སྲིད་འཛིན་དབང་ཆ་དང་ལྟ་ཞིབ་དབང་ཆ། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་ཁྲིམས་ལྟར་ཡང་དག་དང་ནུས་ལྡན་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་དགོས། འཐུས་མིའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ནས་ལྟ་ཞིབ་ཁྲིམས་འཛིན་ལས་དོན་གྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁྲིམས་གཏན་རང་བཞིན་དང་ཆེད་ལས་རང་བཞིན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཁྲིམས་སྐྱོང་གི་བྱེད་ཕྱོགས་སྟེང་ནས་ཁྲིམས་འཛུགས་ལྟ་སྐུལ་དང་ཁྲིམས་འཛིན་བཅོས་སྒྱུར་སོགས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས། ལས་ཀའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།