མཚོ་སྔོན་ཞིང་ཆེན་དམངས་ཆེན་ནོར་སྲིད་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཁ་གཏད་སྡེ་ཁག་གི་བྱ་བའི་འབྲེལ་གཏུག་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁོན་ཞིང་ཆེན་དམངས་ཆེན་ནོར་སྲིད་བྱ་བའི་ཨུ་ཡོན་ལྷན་ཁང་ཁ་གཏད་སྡེ་ཁག་གི་བྱ་བའི་འབྲེལ་གཏུག་གྲོས་ཚོགས་སྟེང་ཞུགས་ནས་གཏམ་བཤད།

ཝུའུ་ཧེ་ཁོན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་དཔལ་འབྱོར་གྱི་བྱ་གཞག་འཕེལ་རྒྱས་གསར་བ་འབྱུང་བར་བྱེད་པ་དང་བློ་གཅིག་སེམས་གཅིག་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། ལས་དོན་ཁག་གཅིག་གྱུར་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་བསམ་པ་ཆེ་རུ་གཏོང་བ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་ཐོབ་དགོས་པར་བཏོན་པའི་སྲིད་ཇུས་དང་བྱ་ཐབས་ལ་སློབ་སྦྱོང་ནན་ཏན་བྱེད་པ། གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། ལག་བསྟར་དོན་འཁྱོལ་དམ་འཛིན་བཅས་བྱེད་དགོས། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་ནོར་སྲིད་དཔལ་འབྱོར་གྱི་ཁྲིམས་འཛུགས་ལས་དོན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་དགོས། འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་འགོའི་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་པ། ནོར་སྲིད་དཔལ་འབྱོར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལྟ་སྐུལ་གྱི་ཕན་འབྲས་ལ་དོ་སྣང་བྱས་ཏེ་འཆར་གཞིའི་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་ཡག་པོ་བྱེད་དགོས། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལ་ལྟ་སྐུལ་ཏན་ཏིག་དང་། བརྟག་དཔྱད་ཞིབ་འཇུག་ལ་སྒྲིག་འཛུགས་ནན་ཏན་བྱེད་པ། ཡུན་ཕན་ལམ་སྲོལ་འཛུགས་པ། གནད་དོན་རྩད་ཆོད་བྱུང་རིགས་དག་ཐེར་དང་ལེགས་བཅོས་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱེད་པ། སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་མ་ལག་བེད་སྤྱོད་ཡག་པོ་བྱེད་པ། སྔོན་རྩིས་དང་ངེས་རྩིས་ཞིབ་བཤེར་དང་ལག་བསྟར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་གྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། འཐུས་མིའི་ལས་དོན་གཏིང་ཟབ་དང་རྒྱ་ཆེར་བཏང་ནས་འཐུས་མིའི་རང་བདག་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཨུ་ཡོན་དང་འཐུས་མིས“བྱ་ཐབས་གཉིས”ལག་བསྟར་དོན་འཁྱོལ་བྱས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ། འགན་འཁྲི་སྒྲུབ་པའི་ཕན་འབྲས་ཏན་ཏིག་གིས་ཆེ་རུ་གཏོང་དགོས། སྡེ་ཁག་སོ་སོས་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་ནན་ཏན་བྱས་ཏེ་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས། སྲོལ་རྒྱུན་བཟང་པོ་དར་སྤེལ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱས་ནས། ཐུན་མོང་ཐོག་སྤུས་ལེགས་ནུས་ཆེའི་སྒོ་ནས་ལས་འགན་ཡོངས་འགྲུབ་བྱས་མཐར། བརྒྱ་ལོ་དང་པོའི་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།