ལིག་ཐའོ་ཡིས་ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་ཁུལ་གྱི་སློབ་འགོ་རྩོམ་པའི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། སློབ་འགོ་རྩོམ་པའི་བྱ་བར་རྟོག་ཞིབ་ཞིབ་བཤེར་བྱེད་སྐབས་ནན་གྱིས་བསྟན་དོན། སློབ་གྲྭའི་དོ་དམ་གྱི་གཙོ་གནད་ལས་རིམ་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས། ཚན་རིག་དང་མཐུན་ལ་གནད་འཁེལ་སྔོན་འགོག་ཚོད་འཛིན་རྒྱུན་འཁྱོངས་ཀྱིས། དགེ་སློབ་ཀྱི་བདེ་ཐང་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།

ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སློབ་འགོ་རྩོམ་པའི་བྱ་བ་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་འཛིན་དགོས་པ་དང་། ད་ལྟའི་དུས་རིམ་གྱི་ལས་ཀའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། རིམས་ནད་ཕྱི་ནས་ནང་ལ་ཁྱབ་པའི་ཉེན་ཁར་དོགས་ཟོན་བྱེད་པ། རིམས་འགོག་དངོས་ཟོག་དོ་དམ་དང་ཟས་རིགས་བདེ་འཇགས། སློབ་གྲྭའི་བདེ་འཇགས་སོགས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར བཅོས་སྒྲིག་བཅས་བྱས་ནས། འགན་འཁྲི་གནད་ལ་འཁེལ་བ་དང་མི་སྣ་ལས་གནས་ཐོག་སླེབས་ཐུབ་པ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།