མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་བྱ་བའི་འབྲེལ་འདྲིས་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་བྱ་བའི་འབྲེལ་འདྲིས་གྲོས་ཚོགས་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་ཟི་ལིང་ནས་ཚོགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

མཱ་ཝེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཐད་ནས་རེ་བ་གལ་ཆེན་བཏོན་ནས། ལྟ་ཞིབ་ཁྲིམས་འཛིན་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཕྱོགས་སྟོན་འདོན་སྤྲོད་བྱས། ལྟ་ཞིབ་ཁྲིམས་འཛིན་བྱ་བའི་ཐད་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ། ཁྲིམས་འགལ་ཉེས་བཟོ་ལ་རྡུང་རྡེག་བྱེད་པ། ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་དེ་གཙོ་འགན་གཙོ་ལས་སུ་བརྩིས་ནས། ལམ་ལུགས་དགེ་མཚན་དེ་ཁྲིམས་འཛིན་ཕན་ནུས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཟེར།

མཱ་ཝེ་ཡིས་ནན་གྱིས་བསྟན་དོན། ལྟ་ཞིབ་དང་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གྱི་ལས་འགན་གསར་བར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་བའི་ས་གནས་བཅོས་སྐྱོང་གི་གནས་ཚུལ་གསར་བར་རྒྱུས་ལོན་ཡང་དག་བྱེད་པ། བཅའ་ཁྲིམས་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ། ཚད་དང་ལྡན་པའི་སྒོ་ནས་ཁྲིམས་འཛིན་དབང་ཆ་སྤྱོད་པ། དྲང་བདེན་ཁྲིམས་འཛིན་རྒྱུན་འཁྱོངས་བྱེད་པ། ཁྲིམས་འཛིན་སྤྱོད་ཚུལ་ཚད་ལྡན་དུ་བསྒྱུར་བ། ཁྲིམས་འཛིན་འགན་འཁྲི་ལག་བསྟར་བྱེད་པ། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ལ་འགན་སྲུང་བྱས་ཏེ། ཁྲིམས་འཛིན་ཞབས་ཞུ་དོ་མི་མཉམ་པ་དང་མི་འདང་བའི་འགལ་རྩོད་དང་གནད་དོན་ཐག་གཅོད་དགོས་ཟེར།

མཱ་ཝེ་ཡིས་ནན་གྱིས་བསྟན་དོན། ཁྱད་ལྡན་ཞིབ་ཕྲའི་འདུ་ཤེས་ལག་བསྟར་བྱེད་པ་དང་། ཁྲིམས་འཛིན་ཕན་འབྲས་མཐོར་འདེགས་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་གི་ལམ་ལུགས་འགན་སྲུང་ཇེ་བརྟན་དུ་གཏོང་དགོས། ཡང་དག་ཕན་ལྡན་གྱི་ལྟ་སྐུལ་རྒྱུན་འཁྱོངས་བྱེད་པ། ལྟ་སྐུལ་ཕན་འབྲས་ཇེ་དྲག་ཏུ་བཏང་ནས། སྲིད་འཛིན་དབང་ཆ་དང་ལྟ་ཞིབ་དབང་ཆ། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་ཁྲིམས་ལྟར་ཡང་དག་པ་དང་ཕན་འབྲས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་དགོས། འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱེད་པ་དང་། ལྟ་ཞིབ་ཁྲིམས་འཛིན་བྱ་བའི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་དགོས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁྲིམས་བཀོད་རང་བཞིན་དང་ཆེད་ལས་རང་བཞིན་གྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་། ཁྲིམས་སྐྱོང་ལམ་ནས་ཁྲིམས་འཛིན་ལྟ་སྐུལ་དང་ཁྲིམས་འཛིན་བཅོས་བསྒྱུར། ཁྲིམས་འཛིན་གྱོད་གཞི་སྒྲུབ་པ་སོགས་བྱ་བ་སྣ་ཚོགས་གཅིག་གྱུར་སྒོས་སྤེལ་ནས། བྱ་བའི་སྤུས་ཚད་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།