ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་རྟོག་ཞིབ་ཚན་ཁག་ཐེངས་ལྔ་བའི་སྣེ་ཁྲིད་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏུ་སོང་ནས། ལས་གཞི་གཙོ་བོའི་ལས་འགོ་བསྐྱར་རྩོམ་དང་། ཁེ་ལས་དང་ཐོན་ལས་སླར་གསོ། སློབ་གྲྭའི་སློབ་འགོ་རྩོམ་པ་སོགས་ཀྱི་བྱ་བར་རྟོག་ཞིབ་ལྟ་སྐུལ་མཛུབ་སྟོན་བྱས་ནས་ནན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གསར་ཤོས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཕྱི་ནད་ནང་ལ་མཆེད་པ་སྔོན་འགོག་དང་ནང་ནས་ནད་ཡམས་ཁྱབ་པར་འགོག་པར་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བདེ་འཇགས་དང་ནུས་ལྡན། གོ་རིམ་ལྡན་པ། ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་ལས་ཐོན་སླར་གསོ་དང་སློབ་འགོ་གསར་ཚུགས་ཀྱི་བྱ་བར་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་བརྟན་འཇགས་བདེ་ཐང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཟེར།
དབྱང་ཧྥུང་ཁྲུན་གྱིས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་ཀུན་ཏུ་གཟབ་ནན་གྱིས་དམ་འཛིན་ནན་མོ་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དམ་འཛིན་ནན་མོ་དང་དམ་འཛིན་ཞིབ་ཚགས་བྱས་ཏེ། སྔོན་འགོག་ཚོད་འཛིན་ལས་དོན་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། ཞིང་ཆེན་གྱིས་བཏོན་པའི་སྲིད་ཇུས་དང་བྱེད་ཐབས་ཉེར་བདུན་པོ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན། དངོས་ཡོད་དཀའ་ངལ་ཐག་གཅོད་བཅས་བྱས་ཏེ། ལས་གཞི་གལ་ཆེན་གྱི་ལས་འགོ་བསྐྱར་རྩོམ་བྱེད་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཁོངས་གཏོགས་ས་ཆའི་འགན་འཁྲི་དང་རང་བདག་འགན་འཁྲི་ཇེ་དམ་དུ་བཏང་ནས་དངོས་ཕན་ཁེ་ལས་ཀྱི་ལས་གནས་བརྟན་པོ་ཡོང་བའི་སྲིད་ཇུས་གནད་འཁེལ་དོན་འཁྱོལ་བྱས་ནས། ཁེ་ལས་ཀྱི་ཐོན་སྐྱེད་ཁྱོན་ཡོངས་ནས་སླར་གསོ་དང་ཐོན་སྐྱེད་གང་མགྱོགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཆེ་བའི་རིག་གནས་ཡུལ་སྐོར་ལས་རིགས་ལ་དམིགས་ཏེ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རྣམ་གསར་པ་སྐྱེད་སྲིང་། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད། སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། མཐུན་སྒྲིལ་འཆམ་མཐུན་སྲུང་སྐྱོབ། གོམས་སྲོལ་སྒྱུར་བར་སྣེ་ཁྲིད་བཅས་བྱས་ཏེ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། སློབ་གྲྭའི་སློབ་འགོ་ཚུགས་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་གསོ་སློབ་ཁྲིད་ཀྱི་མཉམ་སྡེབ་བྱ་བར་ཤུགས་བསྣན་ནས། ཁྱིམ་བདག་གི་ཞེ་བློ་བདེ་བ་དང་། སློབ་མ་བློ་རྩེ་གཅིག་སྒྲིམ། དགེ་རྒན་བློ་བདེ་བཅས་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
དབྱང་ཧྥིན་ཁྲུན་གྱིས་མཚོ་བྱང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།